ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་དང་པོ་བསྡུས་པ།
དུས་ཚོད། 2012-11-08 11:36:10 ཀློག་གྲངས་ཐེངས།1640
ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཀྲུའུ་ཞི་ཚོགས་པས་ཚེས་བདུན་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་དང་པོ་བསྡུས།

བློ་མཐུན་ཧུའུ་ཅིན་ཐའོ་ཚོགས་འདུར་ཞུགས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་།

ཚོགས་འདུའི་སྟེང་ཐོག་མར་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་ཞི་ཅིན་ཕེན་གྱི་མགོ་འཛིན་འོག ལག་པ་ཡར་བཀྱགས་ཏེ་བརྡས་ཐག་བཅད་ནས་བློ་མཐུན་ཧུའུ་ཅིན་ཐའོ་སོགས་མི་ཞེ་གཅིག་གིས་གྲུབ་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མིང་ཐོ་ལ་གྲོས་འཆམ་བྱུང་།

དེའི་རྗེས་སུ་བློ་མཐུན་ཧུའུ་ཅིན་ཐའོ་ཡི་མགོ་འཛིན་འོག་གྲོས་ཚོགས་ཀྱི་གྲོས་རིམ་སྣ་ཚོགས་བསྒྲུབས། གྲོས་ཚོགས་སྟེང་ལག་པ་ཡར་བཀྱགས་ཏེ་བརྡས་ཐག་བཅད་ནས་ལིག་ཡུན་ཧྲན་དང་ལིས་ཡོན་ཁྲའོ། ལིས་ཀྲན་ཧྲུའུ་བཅས་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པར་གདམ་པར་གྲོས་འཆམ་བྱུང་།

གྲོས་ཚོགས་སྟེང་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་ཞིབ་བཤེར་སྙན་ཞུ་ལ་གྲོས་འཆམ་བྱུང་།

སྙན་ཞུའི་ནང་རྒྱལ་ཡོངས་ཀྱི་འདེམ་བསྐོ་ལས་ཁུངས་སོ་སོས་བདམས་རྗེས་ཀྲུང་དབྱང་གིས་ཆོག་མཆན་བཀོད་དེ་བསྒྲགས་པའི་འཐུས་མི་སྟོང་གཉིས་དང་ཉིས་བརྒྱ་བདུན་ཅུ་ཡོད་ལ། ཞིབ་བཤེར་བྱས་རྗེས་འཐུས་མི་སྟོང་གཉིས་དང་ཉིས་བརྒྱ་བདུན་ཅུ་ལ་འཐུས་མིའི་ཐོབ་ཐང་ལྡན་པ་དང་། དེའི་ནང་འཐུས་མི་གཉིས་མིང་ཐོ་བསྒྲགས་རྗེས་ནད་ཕོག་སྟེ་ཚེ་ལས་འདས་པས། ཚོགས་ཆེན་ལ་ཞུགས་དགོས་པའི་འཐུས་མི་སྟོང་གཉིས་དང་ཉིས་བརྒྱ་རེ་བརྒྱད་ཡོད་ཅེས་བཀོད་ཡོད།

སྙན་ཞུའི་ནང་ཏང་ཀྲུང་དབྱང་གིས་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་འཐུས་མི་འདེམ་བསྐོ་བྱ་བར་ཧ་ཅང་མཐོང་ཆེན་གནང་བ་དང་། ཏང་ཀྲུང་དབྱང་གི་ཡང་དག་པའི་མགོ་ཁྲིད་འོག འདེམ་བསྐོ་ལས་ཁུངས་སོ་སོས་ཏང་གི་སྒྲིག་ཡིག་ལག་བསྟར་ནན་མོ་དང་དམངས་གཙོ་དར་སྤེལ། མགོ་ཁྲིད་ལ་ཤུགས་སྣོན། བཟང་འདེམ་ལེགས་འདེམ་བཅས་བྱས་ཏེ། འཐུས་མིའི་སྔོན་ཐོན་རང་བཞིན་དང་ཡོངས་ཁྱབ་ཀྱི་འཐུས་ཚབ་རང་བཞིན་འབུར་དུ་ཐོན་པར་བྱས་པ་དང་། ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་བཅས་ཀྱི་རེ་བ་ལྟར་འཐུས་མི་འདེམ་བསྐོ་བྱ་བ་གཟབ་ནན་གྱིས་བཟང་བོར་བསྒྲུབས་ཞེས་བཀོད་ཡོད།

སྙན་ཞུའི་ནང་། འཐུས་མི་འདེམ་བསྐོ་བྱ་བ་ན་ནིང་གི་ཟླ་བཅུ་བ་ནས་མགོ་བརྩམས་པ་དང་། ད་ལོའི་ཟླ་བདུན་པར་ལེགས་འགྲུབ་བྱུང་། རྒྱལ་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཕལ་ཆེར་ཡོངས་རྫོགས་བྱ་བ་འདིར་ཞུགས་པ་དང་ཏང་ཡོན་ཞུགས་ཚད་བརྒྱ་ཆའི་གོ་བརྒྱད་ཡིན། འཐུས་མི་འདེམ་པའི་བརྒྱུད་རིམ་ཁྲོད། འདེམ་བསྐོ་ལས་ཁུངས་སོ་སོས་འོག་ནས་གོང་དུ་སྤེལ་བ་དང་། གོང་འོག་མཉམ་སྦྲེལ། བསྐྱར་དུ་གྲ་སྒྲིག རིམ་བཞིན་གདམ་གསེས་བཅས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་དང་ཏང་གི་འཐུས་མི། རྒྱ་ཆེའི་ཏང་ཡོན་བཅས་ཀྱི་བསམ་འཆར་ལ་ལེགས་པོར་ཉན་ཞིང་། སྤྱོད་ལམ་གཙོ་བོར་བཟུང་བ་དང་ཏང་གཤིས་གཙིགས་སུ་བཟུང་ནས་འཐུས་མིའི་རྒྱུ་སྤུས་ལ་ཁག་ཐེག་བྱས་ཤིང་། འཐུས་མིའི་གདམ་མི་ལ་རྟོག་ཞིབ་བྱས་ཏེ། འཐུས་མིའི་འདེམ་སྒུག་པའི་གདམ་མིའི་མིང་ཐོ་ཡོངས་བསྒྲགས་བྱས་ནས། འཐུས་མིའི་གདམ་མི་དེར་ཏང་ཡོན་མང་ཚོགས་ཀྱི་ཁས་ལེན་ཐོབ་ཚད་ལ་རྒྱུས་ལོན་བྱས། འདེམ་བསྐོ་ལས་ཁུངས་སོ་སོས་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་དང་ཡང་ན་ཏང་ཨུའི་རྒྱ་བསྐྱེད་ཚོགས་འདུ་བསྡུས་ཏེ། འདེམ་ཤོག་འཕངས་ནས་འཐུས་མིའི་གདམ་མིའི་གྲ་སྒྲིག་མི་སྣ་གཏན་ཁེལ་བྱས། འཕྲིན་ཡིག་བསྐུར་བ་དང་གཏུག་བཤེར་བྱས་པའི་འཐུས་མིའི་གདམ་མིའི་གནད་དོན་ལ་གཟབ་ནན་གྱིས་ཞིབ་བཤེར་ར་སྤྲོད་བྱས་པ་དང་། འཐུས་མིའི་གདམ་མིའི་ཏང་སྲོལ་སྲིད་གཙང་གནས་ཚུལ་ཐད་ནས་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱི་བསམ་འཆར་བསྡུ་ལེན་བྱས། བོད་ལྗོངས་དང་ཞིན་ཅང་མ་གཏོགས། འདེམ་བསྐོ་ལས་ཁུངས་གཞན་པ་ཚང་མས་བརྒྱ་ཆའི་བཅོ་ལྔའི་ཆད་གྲངས་བསྡུར་ཚད་ལས་མཐོ་བའི་སྒོ་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པར་ཞུགས་པའི་འཐུས་མི་བདམས་ཞེས་བཀོད་ཡོད།

སྙན་ཞུའི་ནང་དུ། ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་འཐུས་མི་ལ་སྤྱིར་བཏང་གིས་ཀྲུང་དབྱང་གིས་གཏན་ཁེལ་བྱས་པའི་འཛོམས་དགོས་པའི་ཆ་རྐྱེན་འཛོམས་པ་དང་། གུང་ཁྲན་ཏང་ཡོན་ཁྲོད་ཀྱི་ཕུལ་བྱུང་མི་སྣ་ཡིན་ལ། ཐོན་སྐྱེད་དང་འཚོ་བའི་ཁྲོད་མངོན་པར་གསལ་བའི་གྲུབ་འབྲས་བླངས་ཡོད་ཅིང་། བསམ་བློའི་ཆབ་སྲིད་བྱང་ཚད་ཅུང་མཐོན་པོ་དང་གྲོས་སྡུར་གྱི་ནུས་པ་ཅུང་ཆེན་པོ་ལྡན། ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མིའི་གྲུབ་ཚུལ་དང་བཀོད་པ་ཅུང་ལུགས་མཐུན་ཡིན། ཐོན་སྐྱེད་དང་འཚོ་བའི་འཐབ་ཕྱོགས་དང་པོའི་ཏང་ཡོན་འཐུས་མི་ཚོགས་ཆེན་ཐེངས་བཅུ་བདུན་པའི་སྐབས་ལས་མངོན་གསལ་གྱིས་མང་ལ། བཟོ་བའི་ཏང་ཡོན་འཐུས་མིའི་བསྡུར་ཚད་ཆེས་ཆེར་ཇེ་མཐོར་སོང་ཡོད། ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མིའི་ཡོན་ཚད་ཅུང་མཐོ་ལ། ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བར་ཏང་ནང་དུ་ཞུགས་པའི་ཏང་ཡོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་ཞུགས་པའི་འཐུས་མིའི་གྲུབ་ཚུལ་གྱི་བསྡུར་ཚད་ཚང་མ་ཀྲུང་དབྱང་གི་རེ་བ་དང་མཐུན་ལ། ཡོངས་ཁྱབ་ཀྱི་འཐུས་ཚབ་རང་བཞིན་ལྡན་ཞེས་བཀོད་ཡོད།

སྙན་ཞུའི་ནང་དུ། ཚོགས་ཆེན་བཅུ་བདུན་པའི་བྱེད་ཐབས་དཔེར་བྱས་ཏེ། ཀྲུང་དབྱང་གིས་ཆེད་ཞུས་འཐུས་མི་ང་བདུན་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་ཞུགས་སུ་འཇུག་རྒྱུ་གཏན་ཁེལ་བྱས་ཡོད་ལ། ཆེད་ཞུས་འཐུས་མི་ལ་འཐུས་མི་དང་འདྲ་བའི་དབང་ཆ་ཡོད་ཅེས་བཀོད་ཡོད།

གྲོས་ཚོགས་སྟེང་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་འདེམ་བསྐོ་བྱེད་ཐབས་འཆར་ཟིན་ལ་གྲོས་འཆམ་བྱུང་ནས། འཐུས་ཚབ་ཚོགས་པ་སོ་སོར་གྲོས་སྡུར་བྱེད་པར་སྤྲད།

གྲོས་ཚོགས་སྟེང་ད་དུང་ཟུར་ཞུགས་དང་སྐུ་མགྲོན་གྱི་དོན་དག་ལ་གྲོས་འཆམ་བྱུང་། ཀྲུང་དབྱང་གིས་ཏང་ནང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་ཏང་ཕྱིའི་མི་སྣ་ཁ་ཤས་གྲོས་ཚོགས་ལ་ཟུར་ཞུགས་བྱེད་པར་གདན་འདྲེན་རྒྱུའི་ཐག་བཅད། ཚོགས་ཆེན་ལ་ཟུར་ཞུགས་བྱེད་མཁན་གྱི་ནང་དུ། ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི་མིན་པའི་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི་དང་ཆེད་ཞུས་འཐུས་མི་མིན་པའི་སྔོན་ཆད་ཀྱི་ཀྲུང་དབྱང་བློ་འདྲི་ཨུ་ཡོན་ལྷན་ཁངགི་ཨུ་ཡོན། ཚོགས་ཆེན་བཅུ་བདུན་པར་ཞུགས་མྱོང་བའི་ཏང་ནང་ཁུལ་གྱི་བློ་མཐུན་རྒན་པ་ཁ་ཤས་དང་འབྲེལ་ཡོད་བློ་མཐུན་གཞན་པ་བཅས་བསྡོམས་པས་མི་སུམ་བརྒྱ་དང་བཅུ་བཞི་ཡོད། སྐུ་མགྲོན་གྱི་མིང་ནས་ཚོགས་ཆེན་མགོ་རྩོམ་པ་དང་མཇུག་བསྡུ་བའི་མཛད་སྒོར་ཞུགས་མཁན་ལ། ད་ལྟ་དང་སྔོན་ཆད་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་འཁུར་བའི་ཏང་ཕྱིའི་མི་སྣ་དང་། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་། པེ་ཅིན་ན་ཡོད་པའི་ཀྲུའུ་ཞི་གཞོན་པ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། རྒྱལ་ཡོངས་དམངས་ཆེན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་པེ་ཅིན་དུ་ཡོད་པའི་རྒྱུན་ལས་ཨུ་ཡོན་ཁྲོད་ཀྱི་དམངས་གཙོ་ཏང་ཁག་དང་ཏང་གང་ལའང་མི་གཏོགས་པ། མི་རིགས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་བཅས་བསྡོམས་པས་མི་བརྒྱ་དང་ཞེ་བདུན་ཡོད།

ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་སྟེང་ད་དུང་ཚོགས་ཆེན་བཅོ་བརྒྱད་པའི་ཉིན་རིམ་ལ་གྲོས་འཆམ་བྱུང་། ཉིན་རིམ་ལྟར་ན། ཚོགས་ཆེན་བཅོ་བརྒྱད་པ་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན་གྱི་སྔ་དྲོར་འཚོགས་ནས་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར་གྲོལ་རྒྱུ་རེད།


རིགས་མཐུན་ནང་དོན།
  • མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དངོས་སུ་རྒྱལ་ཁབ་གཙོ་གནད་མི་རིགས་གསོ་རིག་འཛུགས་སྐྲུན་ལས་ཁུངས་སུ་བདམས།
  • མཚོ་ཤར་ས་ཁུལ་(ཕེན་ཨན། དཔའ་ལུང་།)གྱི་སྨན་བཅོས་བདེ་སྲུང་མ་ལག་ངེད་སྨན་ཁང་དུ་དངོས་སུ་བཀོལ་སྤྱོད་བྱེད་བཞིན་ཡོད།
  • མཚོ་ནུབ་ཁུལ་(བུའོ་ལན)གྱི་སྨན་བཅོས་བདེ་སྲུང་མ་ལག་ངེད་སྨན་ཁང་དུ་དངོས་སུ་བཀོལ་སྤྱོད་བྱེད་བཞིན་ཡོད།
  • མཚོ་ལྷོ་ཁུལ་གྱི་སྨན་བཅོས་བདེ་སྲུང་མ་ལག་ངེད་སྨན་ཁང་དུ་དངོས་སུ་བཀོལ་སྤྱོད་བྱེད་བཞིན་ཡོད།
  • ངེད་སྨན་ཁང་གིས་ཕྱི་ནད་ཚན་ཁག་གི་ཞག་སྡོད་ནད་པར་གྲོན་དངུལ་ཇེ་བདེར་གཏོང་གི་ཡོད།

  •  

    ༄༅།། པར་དབང་ཀྲུང་གོའི་བོད་ཀྱི་གསོ་རིག་དྲ་བར་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག

     E-Mail:webmaster@arura.com.cn                                Tel:0971-8201019