ལྷ་ས་གྲོང་ཁྱེར་ལ2012ལོའི་ཆེས་མཐོའིIFEAགཟེངས་རྟགས་ཐོབ།
དུས་ཚོད། 2012-11-23 9:59:03 ཀློག་གྲངས་ཐེངས།2285
      ཉེ་ཆར། ལྷ་སའི་ཞོ་སྟོན་དུས་ཆེན་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ནས་རྒྱུས་ལོན་པ་ལྟར་ན། ལྷ་ས་གྲོང་ཁྱེར་ལ་ཟླ9བའི་ཚེས22ཉིན་ཨ་རིའི་ཁོའོ་ལོར་རོབ་ཏོ་ཁུལ་གྱི་ཏན་ཧྥོ་ནས་སྤེལ་བའི་རྒྱལ་སྤྱིའི་དུས་སྟོན་མཐུན་ཚོགས་ཀྱི་ལོ་ཚོགས་སྐབས57སྟེང2012ལོའིIFEAཆེས་མཐོའི་གཟེངས་རྟགས་ཏེ་འཛམ་གླིང་དུས་སྟོན་གྲོང་ཁྱེར་གྱི་གཟེངས་རྟགས་ཐོབ།
         རྒྱུས་ལོན་པ་ལྟར་ན།  IFEAལོ་འཁོར་གཟེངས་རྟགས་ནི་རྒྱལ་སྤྱིའི་དུས་སྟོན་མཐུན་ཚོགསIFEAཡིས་གཙོ་སྒྲུབ་གནང་བའི་ལོ་འཁོར་རང་བཞིན་ལྡན་པའི་རྒྱལ་སྤྱིའི་དུས་སྟོན་གྱི་གཟེངས་རྟགས་ཤིག་ཡིན་ལ། ལོ་རེའི་རྒྱལ་སྤྱིའི་དུས་སྟོན་གྱི་ལོ་ཚོགས་སུ་འཛམ་གླིང་གི་གླིང་ཆེན་པོ་ལྔའི་རྒྱལ་ཁབ་དང་ས་ཁུལ160ནས་ཡོང་བའི་དུས་སྟོན་རྩ་འཛུགས་ཚོགས་པ1000ལྷག་ཞུགས་པ་དང་། སྔར་གྱི་བསྟུད་མའི་ཐེངས་འགར་ཚོགས་པའི་ཚོགས་ཞུགས་མི་སྣ2000ཡས་མས་སུ་ཡོད།
         ད་ལོའི་དཔྱད་འདེམ་ནི་ཟླ9བའི་ཚེས22ཉིན་རྒྱལ་སྤྱིའི་དུས་སྟོན་མཐུན་ཚོགས་ཀྱི་ལོ་ཚོགས་ཉིད་ཨ་རིའི་ཁོའོ་ལོར་རོབ་ཏོ་ཁུལ་གྱི་ཏན་ཧྥོ་ནས་སྤེལ། ཚོགས་ཐོག་ཏུ་རྒྱལ་སྤྱིའི་དུས་སྟོན་མཐུན་ཚོགས་ཀྱིསIFEAལོ་འཁོར་གཟེངས་རྟགས་ཐོབ་མཁན་གྱི་དུས་སྟོན་རྩ་འཛུགས་ཚོགས་པ་དང་གྲོང་ཁྱེར། མི་སྒེར་བཅས་ལ་གཟེངས་རྟགས་གནང་བ་རེད།


རིགས་མཐུན་ནང་དོན།
  • མདོ་སྨད་མདའ་ཚང་ཡུལ་གྱི་གནའ་དཔེ་ཕྱོགས་བསྡུས་ཞེས་བོན་གྱི་ཡིག་རྙིང་པོད་སུམ་ཅུ་རྙེད།
  • མདོ་སྨད་སཱ་ལའི་སྨན་ལྗོངས་ངོ་སྤྲོད་མདོར་བསྡུས།
  • ཀརྨ་རྡོ་རྗེ་ཚེ་རིང་ལ་སྐབས34བའི་རྒྱལ་སྤྱིའི་གཉེར་དེབ་འགྲེམ་སྟོན་སྟེང་བྱ་དགའ་ཨང་བཞི་བ་ཐོབ།
  • 2012ལོའི་ཀྲུང་གོའི་དར་མདོ་རྒྱལ་སྤྱིའི་མཛའ་གཞས་རོལ་ཚོགས་ཟླ9བར་སྤེལ་རྒྱུ་ཡིན་པ།
  • རྒྱ་གར་འ་སམ་མངའ་སྡེ་རུ་རིགས་རྒྱུད་བར་འགལ་བ་བྱུང་བ་དང་རྒྱལ་ཕྱིའི་བོད་མིའི་བདེ་འཇགས་ལ་ཉེན་ཁ་ཐེབས་པ།

  •  

    ༄༅།། པར་དབང་ཀྲུང་གོའི་བོད་ཀྱི་གསོ་རིག་དྲ་བར་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག

     E-Mail:webmaster@arura.com.cn                                Tel:0971-8201019