མཆིན་པ་ཚིལ་གྱིས་གཡོགས་པ་དེ་སྣང་མེད་དུ་བསྐྱུར་མི་རུང་།
དུས་ཚོད། 2013-04-02 17:10:27 ཀློག་གྲངས་ཐེངས།1879

ཉེ་བའི་བརྟག་དཔྱད་ཅིག་ལས་མངོན་པ་ལྟར་ན། རང་རྒྱལ་གྱི་མིར་མཆིན་པ་ཚིལ་གྱིས་གཡོགས་པའི་ནད་འབྱུང་ཚད་མཆིན་ཚད་ཁ་པ་ལས་བརྒལ་ཏེ་མཆིན་ནད་གཙོ་བོ་ཞིག་ཏུ་གྱུར་ཡོད་པས། ཉེ་ལམ་ཆེད་མཁས་པས་མཆིན་པ་ཚིལ་གྱིས་གཡོགས་པ་སྣང་མེད་དུ་བསྐྱུར་ན་ཚེ་སྲོག་ལ་ཉེན་ཁ་ཡོད་པའི་ཉེན་བརྡ་བརྒྱབ་ཡོད། 

མཆིན་པ་ཚིལ་གྱིས་གཡོགས་པ་ལ་ཆང་བཅུད་རང་བཞིན་གྱི་མཆིན་པ་ཚིལ་གྱིས་གཡོགས་པ་དང་ཆང་བཅུད་མ་ཡིན་པའི་མཆིན་པ་ཚིལ་གྱིས་གཡོགས་པ་དེ་རིགས་གཉིས་སུ་དབྱེ་ཡོད། ནམ་རྒྱུན་ཆང་མང་པོ་འཐུང་བའི་མིར་ཆང་བཅུད་རང་བཞིན་གྱི་མཆིན་པ་ཚིལ་གྱིས་གཡོགས་པ་འབྱུང་བ་ཡིན། ཞིབ་འཇུག་ལས་གསལ་བ་ལྟར་ན་ལོ་ལྔའི་རིང་ལ་ཆང་འཐུང་མྱོང་བའི་མིའི་ཁྲོད་དུ། ཆང་བཅུད་རང་བཞིན་གྱི་མཆིན་པ་ཚིལ་གྱིས་གཡོགས་པ་དང་ཆང་བཅུད་རང་བཞིན་གྱི་མཆིན་ཚད། ཆང་བཅུད་རང་བཞིན་གྱི་མཆིན་པ་སྲ་འགྱུར་བཅས་འབྱུང་ཚད་སོ་སོར50%དང10%དང10%བཅས་ཡིན་ལ།  ལུས་པོ་ཚོ་དྲགས་པའི་ནད་པའི་ཁྲོད་དུ9%ནས26%ཙམ་ལ་མཆིན་པ་ཚིལ་གྱིས་གཡོགས་པའི་ནད་བྱུང་ཡོད།

ཆེད་མཁས་པས་གསལ་འདེབས་བྱས་དོན། ཆང་བཅུད་མ་ཡིན་པའི་མཆིན་པ་ཚིལ་གྱིས་གཡོགས་པ་ནིབརྗེ་ཚབ་ཕྱོགས་བསྡུས་ནདཀྱི་རྟགས་ཤིག་ཡིན་པས།  གལ་ཏེ་རང་ཉིད་ཀྱི་མཆིན་པ་ཚིལ་གྱིས་གཡོགས་ཡོད་པ་ཤེས་ཚེ།  མཆིན་པ་ཁོ་ནར་གསོ་བཅོས་བྱས་པས་མི་ཆོག་པར།  ཁྲག་ཤེད་མཐོ་བའི་ནད་དང་གཅིན་སྙི་ཟ་ཁུའི་ནད། འཕར་རྩ་སྲ་འགྱུར་གྱི་ནད་དང་ནད་གཞན་པ་ཡོད་མེད་ལ་ཡང་བརྟག་དགོས།།


རིགས་མཐུན་ནང་དོན།
  • བྱིས་པའི་རྒྱུན་ལྡན་གྱི་སྤྱོད་ལམ་སྐོར།
  • དཔྱིད་ཀར་འབྱུང་ཁམས་གསོ་བ་ལ་ཐོག་མར་མཆིན་པའི་བདེ་སྲུང་ལ་དོ་སྣང་བྱེད་དགོས།
  • དུས་ཚིགས་དང་མཐུན་པའི་སྤྱོད་ལམ་བསྟེན་ཚུལ།
  • སྨན་རྫས་ཀྱི་སྨན་ལོག་ཇི་ལྟར་སྔོན་འགོག་བྱེད་དགོས།
  • ཁྱིམ་དུ་སྨན་ཉར་ཚགས་བྱེད་སྐབས་དོན་ཚན་འགའ་ལ་ཡིད་འཇོག་བྱེད་དགོས།

  •  

    ༄༅།། པར་དབང་ཀྲུང་གོའི་བོད་ཀྱི་གསོ་རིག་དྲ་བར་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག

     E-Mail:webmaster@arura.com.cn                                Tel:0971-8201019