དཔྱིད་ཀར་ཁ་དོག་སྣ་ལྔའི་ཟས་རིགས་ཟོས་ན་དོན་ལྔ་གསོ་བར་ཕན།
དུས་ཚོད། 2013-04-02 17:11:19 ཀློག་གྲངས་ཐེངས།1862

དཔྱིད་ཀར་སྙིང་ཁམས་གསོ་བར་མདོག་དམར་པོའི་རིགས་ཀྱི་ཟས་རིགས་ཏེ། དཔེར་ན། ལ་སེར་དང་ཀྲོ་མ་ཀྲུ། ཞོག་ཁོག་མངར་མོ་སོགས་ཟོས་ན་བཟང་། ཀྲུང་ལུགས་གསོ་རིག་གི་ལྟ་ཚུལ་ལྟར་ན། མདོག་དམར་པོ་ནིམེ་ཡི་ངོ་བོར་གཏོགས་པས། མདོག་དམར་པོའི་རིགས་ཀྱི་ཟས་རིགས་ཟོས་ན། རླུང་ལ་ཕན་ཞིང་ཟུངས་ཁྲག་གསོ་བ་དང་། ཁྲག་རྒྱུན་འཁོར་སྐྱོད་བྱེད་པར་ཤིན་ཏུ་ཕན་ཟེར། དེ་ལས་གཞན། མདོག་དམར་པོའི་རིགས་ཀྱི་ཟས་རིགས་ཟོས་ན་ལུས་སྟེང་དུ་སྤྲི་དཀར་དང་སྐྱེ་མེད་ཚྭ། འཚོ་རྒྱུ་བེ་ཧྲིན་སུའུ་དང་ཚད་ཉུང་མ་རྒྱུ་བཅས་མཁོ་འདོན་བྱེད་ཐུབ་པས། སྙིང་ཁམས་དང་ཟུངས་ཁྲག་གསོ་བར་ཧ་ཅང་ཕན་པ་རེད། 

མཚེར་བ་གསོ་བར་མདོག་སེར་པོའི་རིགས་ཀྱི་ཟས་རིགས་ཟོས་ན་བཟང་། 

ཀྲུང་ལུགས་གསོ་རིག་ལྟར་ན། མདོག་སེར་པོ་ནི་སའི་ངོ་བོར་གཏོགས་པས། མདོག་སེར་པོའི་རིགས་ཀྱི་ཟས་རིགས་ཟོས་ན། དེའི་འཚོ་བཅུད་དངོས་རྫས་དེ་གཙོ་བོར་མཚེར་བ་དང་ཕོ་བས་བསྡུ་ལེན་བྱེད་པ་ཡིན། དཔེར་ན། ནན་ཀྭ་དང་མ་རྨོས་ལོ་ཏོག་སོགས་རྒྱུན་དུ་ཟོས་ན། མཚེར་བ་དང་ཕོ་བ་གསོ་བར་ཕན། མདོག་སེར་པོའི་རིགས་ཀྱི་ཟས་རིགས་ཀྱི་ནང་དུ་འཚོ་རྒྱུ་བེ་ཧྲིན་སུའུ AདངDརིགས་ཀྱི་འདུས་ཚད་ཅུང་ཕུན་སུམ་ཚོགས་པོ་ཡོད། འཚོ་རྒྱུ་བེ་ཧྲིན་སུའུ་Aཡིས་རྒྱུ་མའི་ལམ་དང་དབུགས་ལམ་ཀྱི་སྐྱི་མོར་སྲུང་སྐྱོབ་བྱེད་ཅིང་ཕོ་ཚད་ཀྱི་ནད་སོགས་འབྱུང་ཚད་ཇེ་ཉུང་དུ་གཏོང་ཐུབ། འཚོ་རྒྱུ་བེ་ཧྲིན་སུའུDཡིས་ཀའེ་དང་ལིན་ཞེས་པའི་རྒྱུ་ཆ་བསྡུ་ལེན་བྱེད་དུ་བཅུག་ནས། རུས་པ་དང་རྒྱུས་པ་གསོ་ཐུབ། 

མཆིན་པ་གསོ་བར་མདོག་ལྗང་ཁུའི་རིགས་ཀྱི་ཟས་རིགས་ཟོས་ན་བཟང་། 

ལྗང་མདོག་གི་ཟས་རིགས་མཆིན་པས་བསྡུ་ལེན་བྱེད་པས། དེ་ཟས་རིགས་མང་དུ་ཟོས་ན། མཆིན་པར་ཕན་ཞིང་མཆིན་པའི་ནུས་པ་གསོ་བར་མ་ཟད། མཚེར་བ་དང་ཕོ་བའི་འཇུ་སྟོབས་ལ་སྙོམ་སྒྲིག་གི་ནུས་པ་བཟང་བོ་བསྐྱེད་ཐུབ། ལྗང་མདོག་གི་སྔོ་ཚོད་ལ་ལོ་མའི་སྐྱུར་རྒྱུ་འདུས་ཚད་མཐོ་ཞིང་། ལོ་མའི་སྐྱུར་རྒྱུ་ནི་མི་ལུས་ཀྱི་རྙིང་ཚབ་གསར་འབྱེད་བྱེད་པའི་བརྒྱུད་རིམ་ཁྲོད་གལ་འགངས་ཆེ་བའི་འཚོ་རྒྱུའི་རིགས་ཤིག་ཡིན་ཕྱིར། དེས་ཁྲག་རྒྱུན་ནང་གི་དབྱིབས་མཐུན་ཅན་གྱི་ཨན་སྐྱུར་རྒྱུ་མང་བ་རྣམས་སེལ་ནས་སྙིང་ཁམས་བདེ་ཐང་ཡོང་བར་སྲུང་སྐྱོབ་བྱེད་ཐུབ། 

གློ་བ་གསོ་བར་མདོག་དཀར་པོའི་རིགས་ཀྱི་ཟས་རིགས་ཟོས་ན་བཟང་། 

མདོག་དཀར་པོའི་རིགས་ཀྱི་ཟས་རིགས་ཟོས་ན་རླུང་ལ་ཕན། མདོག་དཀར་པོའི་རིགས་ཀྱི་ཟས་རིགས་ཏེ། དཔེར་ན། འོ་མ་དང་། འབྲས། བྱ་ཤ་དང་ཉ་ཤ་སོགས་ལྟ་བུ་ལ་སྒོང་སྤྲིའི་གྲུབ་ཆ་ཕུན་སུམ་ཚོགས་པས། རྒྱུན་དུ་ཟོས་ན་ལུས་སྟོབས་རྒྱས་ཐུབ། དེ་ལས་གཞན། མདོག་དཀར་པོའི་རིགས་ཀྱི་ཟས་རིགས་ནི་ད་དུང་བདེ་འཇགས་ཀྱི་ཚད་མཐོ་ཞིང་འཚོ་བཅུད་རང་བཞིན་ལྡན་པའི་ཟས་རིགས་ཤིག་ཡིན། དེ་ལ་མདོག་དམར་པོའི་རིགས་ཀྱི་ཟས་རིགས་དེ་ཤའི་རིགས་དང་བསྡུར་ན་སྣུམ་འདུས་ཚད་ཆེས་དམའ་བས། ཁྲག་ཤེད་མཐོ་བ་དང་སྙིང་ནད་ཡོད་པའི་མིས་ཟོས་ན་ལྷག་ཏུ་བཟང་། 

མཁལ་མ་གསོ་བར་མདོག་ནག་པོའི་རིགས་ཀྱི་ཟས་རིགས་ཟོས་ན་བཟང་། 

མདོག་ནག་པོའི་རིགས་ཀྱི་ཟས་རིགས་ཅེས་པ་ནི་མདོག་ནག་པོའམ་ཡང་ན་སྨུག་པོ་དང་སེར་ནག་བཅས་རང་བྱུང་གི་སྲོག་ཆགས་དང་རྩི་ཤིང་རིགས་ལ་ཟེར་བ་ཡིན། 
ཀྲུང་ལུགས་ཀྱིས་དེ་ནི་ཆུའི་ངོ་བོར་གཏོགས་པས། མཁལ་མས་བསྡུ་ལེན་བྱེད་པ་ཡིན་ཟེར། དེ་བས་རྒྱུན་དུ་མདོག་ནག་པོའི་རིགས་ཀྱིས་ཟས་རིགས་ཟོས་ན་མཁལ་མ་གསོ་ཐུབ།།


རིགས་མཐུན་ནང་དོན།
  • ཤ་དུག་ཕོག་པ་སྔོན་འགོག་བྱེད་པའི་ཤེས་བྱའི་སྐོར།
  • བྱིས་པའི་བཟའ་བཏུང་བཀོད་སྒྲིག་བྱེད་པའི་རྩ་དོན།
  • དགུན་ཁར་ལུས་སྟོབས་གསོ་བའི་ཐབས་དམ་པ་དྲུག
  • དགུན་ཁའི་ཟས་མཆོག་སུར་པན།
  • བཟའ་བཏུང་བསྟེན་ཚུལ་ཕྱོགས་ཀྱི་ཤེས་བྱ།

  •  

    ༄༅།། པར་དབང་ཀྲུང་གོའི་བོད་ཀྱི་གསོ་རིག་དྲ་བར་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག

     E-Mail:webmaster@arura.com.cn                                Tel:0971-8201019