རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཐེངས་བཅུ་གསུམ་པ་སོག་ཡུལ་དུ་ཚོགས་པ།
དུས་ཚོད། 2013-07-23 9:04:15 ཀློག་གྲངས་ཐེངས།2037

           ཟླ7པའི་ཚེས21ཉིན། རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་བཅུ་གསུམ་པ་དེ་སོག་པའི་རྒྱལ་ས་ཨོ་ལན་བྷ་ཐར་རུ་ཡོད་པའི་སོག་པའི་རང་དབང་ཚོགས་ཁང་དུ་དབུ་འཛུགས་གནང་ཡོད། ཐེངས་འདིའི་ཚོགས་ཐོག་ཏུ་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པ་སྨྲ་བ་ལྔ་བརྒྱ་ཙམ་འདུ་འཛོམས་ནས། ཉིན་བདུན་གྱི་རིང་ལ་ཚོགས་ཆུང་ཁག་བགོས་ཀྱིས་མཁས་པ་སོ་སོའི་ཆེད་རྩོམ་སྒྲོག་སྦྱང་གནང་རྒྱུ་རེད། 
           ཐེངས་འདིའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་གོ་སྒྲིག་པ་ནི་སོག་པོའི་ཚན་རིག་ཞིབ་འཇུག་ལྟེ་གནས་ཀྱི་ལོ་རྒྱུས་ཞིབ་འཇུག་ཁང་དང་། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པ། སོག་པོའི་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་ཚན་རིག་སློབ་གླིང་དང་། སོག་པོའི་བོད་རིག་པའི་ཞིབ་འཇུག་ཚོགས་པ་བཅས་མཉམ་འབྲེལ་གྱིས་གནང་འདུག

     ད་ཐེངས་ཀྱི་ཚོགས་འདུའི་སྐུ་མགྲོན་དུ། སོག་པོའི་རྒྱལ་སར་རྟེན་གཞི་བྱས་པའི་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་དང་། སོག་པོའི་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཏེ་ལོ་རིན་པོ་ཆེ་སོགས་ཆེད་དུ་ཕེབས་ནས་ཚོགས་འདུར་ཞུགས། དེ་མིན་ཀྲུང་གོ་དང་། ཨ་རི། ཡུ་རོབ། ཉི་ཧོང་། རྒྱ་གར། སོག་ཡུལ་སོགས་རྒྱལ་ཁབ36 ནས་བོད་རིག་པ་སྨྲ་བ་ལྔ་བརྒྱ་ཙམ་དང་། དེ་ཡང་བོད་ཁམས་ནས་པ་སངས་དབང་འདུས་ལགས་དང་། གུ་གེ་ཚི་རིང་རྒྱལ་པོ། ཐུབ་བསྟན་ཕུན་ཚོགས། རྒྱལ་མོ་འབྲུག་པ། སྐྱབས་ཆེན་བདེ་གྲོལ། བྱང་ངོས་ཚེ་གཡང་སོགས་དང་། ནུབ་ཕྱོགས་ནས་འབུམ་རམས་པ་ཚེ་རིང་ཤཀྱྭ་དང་། ལོ་རྒྱུས་སྨྲ་བ་བཀྲ་ཤིས་ཚེ་རིང་ལགས། གློག་ཀླད་ཆེད་མཁས་པ་བློ་བཟང་སྨོན་ལམ་སོགས་དང་། ཕྱི་རྒྱལ་གྱི་བོད་རིག་པ་སྨྲ་བ་སོགས་ལྷན་འཛོམས་གནང་ཡོད།
           ཐེངས་འདིའི་ཚོགས་འདུར་སྙན་ཞུ་འབུལ་མཁན730ཙམ་བྱུང་ཡོད་པ་ལས། དེ་དག་གི་ནང་ནས་ཆེད་རྩོམ640 ཙམ་ལེགས་འདེམས་ཀྱིས་གདན་ཞུ་གནང་ཡོད། ཟླ7པའི་ཚེས21 ནས27ཉིན་བར་བོད་རིག་པའི་མཁས་པ་རྣམ་པའི་ཆེད་རྩོམ་ཁག་དབྱེ་བ17ལ་བཀར་ཏེ་ཚོགས་ཆུང་ཁག47ཁག་བགོས་ཀྱིས་སྒྲོག་སྦྱང་གནང་རྒྱུ་ཡིན་པ་རེད།


རིགས་མཐུན་ནང་དོན།
  • བོད་རང་སྐྱོང་ལྗོངས་ཀྱི་བོད་སྨན་ཐོན་ཁུངས་སྔོག་བཤེར་ལས་གཞི་མགོ་ཚུགས་པ།
  • ལྷ་ས་གྲོང་ཁྱེར་ལ2012ལོའི་ཆེས་མཐོའིIFEAགཟེངས་རྟགས་ཐོབ།
  • མདོ་སྨད་མདའ་ཚང་ཡུལ་གྱི་གནའ་དཔེ་ཕྱོགས་བསྡུས་ཞེས་བོན་གྱི་ཡིག་རྙིང་པོད་སུམ་ཅུ་རྙེད།
  • མདོ་སྨད་སཱ་ལའི་སྨན་ལྗོངས་ངོ་སྤྲོད་མདོར་བསྡུས།
  • ཀརྨ་རྡོ་རྗེ་ཚེ་རིང་ལ་སྐབས34བའི་རྒྱལ་སྤྱིའི་གཉེར་དེབ་འགྲེམ་སྟོན་སྟེང་བྱ་དགའ་ཨང་བཞི་བ་ཐོབ།

  •  

    ༄༅།། པར་དབང་ཀྲུང་གོའི་བོད་ཀྱི་གསོ་རིག་དྲ་བར་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག

     E-Mail:webmaster@arura.com.cn                                Tel:0971-8201019