ཀྲུང་གོའི་བོད་ཀྱི་གསོ་རིག་དུས་དེབ་རྩོམ་སྒྲིག་ཨུ་ཡོན་ཚོགས་པ་དང་རྩོམ་སྒྲིག་བྱ་བའི་ཚོགས་འདུ་མཚོ་སྔོན་ཧོར་གྲོང་དུ་བསྡུས།
དུས་ཚོད། 2013-08-12 10:11:47 ཀློག་གྲངས་ཐེངས།2309
 
 
 
 
 
 
 
 
 
 
 
 
 

 

 

 

 

 

 

 

   རང་རྒྱལ་གྱི་ཆེས་ཐོག་མའི་བོད་ཀྱི་གསོ་རིག་རིག་གཞུང་དུས་དེབ་ཀྲུང་གོའི་བོད་ཀྱི་གསོ་རིག་དུས་དེབ་སྐབས་གཉིས་པའི་ཐེངས་གཉིས་པའི་རྩོམ་སྒྲིག་ཨུ་ཡོན་ཚོགས་པ་དང་རྩོམ་སྒྲིག་བྱ་བའི་ཚོགས་འདུ་ཟླ་༨པའི་ཚེས་༨ཉིན་ནས་ཚེས་༡༠ཉིན་བར་མཚོ་སྔོན་ཧོར་གྲོང་དུ་འཚོགས།  ཚོགས་འདུ་རུ་མཚོ་སྔོན་དང་། ཀན་སུའུ། ཟི་ཁྲོན། ཡུན་ནན། པེ་ཅིན་བཅས་ནས་ཕེབས་པའི་བོད་ཀྱི་གསོ་རིག་ཆེད་མཁས་པའི་འཐུས་ཚབ་རྣམས་ཞུགས་ཡོད་ལ།  ཐེངས་འདིར་རྩོམ་སྒྲིག་ཨུ་ཡོན་ཚོགས་པའི་སྒྲིག་ཡིག་དང་། རྩོམ་སྒྲིག་བྱ་བའི་སྲོལ་ཡིག  ད་དུང་ཕུལ་བྱུང་དཔྱད་རྩོམ་འདེམས་ཐོན་བྱ་ཐབས་བཅས་གཏན་ལ་ཕབ་པ་མ་ཟད། རྩོམ་སྒྲིག་ཨུ་ཡོན་དང་རྩོམ་སྒྲིག་པ་འགའ་ཡང་ཁ་སྣོན་བྱས།

          ཀྲུང་གོའི་བོད་ཀྱི་གསོ་རིགདུས་དེབ་༢༠༠༦ལོར་རྒྱལ་ཁབ་གསར་འགྱུར་པར་སྐྲུན་སྤྱི་ཁྱབ་ཀྱི་ཆོག་མཆན་བརྒྱུད། ཨ་རུའི་བོད་སྨན་སྡེ་ཚོགས་ཀྱིས་གཙོ་གཉེར་དང་།  མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དང་། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་། མཚོ་སྔོན་སློབ་ཆེན་བོད་ཀྱི་གསོ་རིག་སློབ་གླིང་བཅས་ཀྱིས་མཉམ་འབྲེལ་གྱིས་བསྒྲུབས་པ་ཡིན། རྒྱལ་ནང་གི་བོད་ཀྱི་གསོ་བ་རིག་པའི་ཞིབ་འཇུག་ལས་ཁུངས་དག་དང་། མཐོ་རིམ་སློབ་གླིང་། སྨན་བཅོས་སྡེ་ཁག  བོད་སྨན་ཁེ་ལས་སོགས་ལས་འདིར་ཞུགས་བཞིན་ཡོད། རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁ་ཕྱོགས་ཏེ་བོད་ཀྱི་གསོ་རིག་རིག་གཞུང་དུས་དེབ་ཁྱབ་སྤེལ་དང་། དུས་ཡུན་རིང་པོར་བོད་ཀྱི་གསོ་བ་རིག་པའི་ཕྱོགས་ལ་རིག་གཞུང་དུས་དེབ་མེད་པའི་སྟོང་ཆའི་ཁ་བསྐང་ཡོད།   བོད་ཀྱི་གསོ་རིག་རིག་གཞུང་ཞིབ་འཇུག་དང་གསར་བྱུང་གྲུབ་འབྲས་སྤེལ་སའི་སྟེགས་བུ་ཞིག་མཁོ་འདོན་བྱས་པ་མ་ཟད། བོད་ཀྱི་གསོ་རིག་འདི་རྒྱལ་སྤྱི་ཅན་དུ་འགྲོ་བའི་སྒོ་འཕར་ཡངས་པོར་ཕྱེ་ཡོད།

          ཀྲུང་གོའི་བོད་ཀྱི་གསོ་རིགདུས་དེབ་གསར་སྤེལ་བྱས་པའི་ཚུན་ལ། རྩོམ་སྒྲིག་པའི་དཔུང་ཁག་གཏན་པོ་ཞིག་ཆགས་ཡོད་ལ།  དུས་དེབ་ཀྱི་རྒྱུ་སྤུས་དང་ཆུ་ཚད་མཐོར་འདེགས་དང་། ཀློག་པ་པོ་དང་པར་སྐྲུན་གྱི་ཚད་སོགས་ཕྱོགས་ཀུན་ནས་རྒྱ་ཇེ་ཆེར་འགྲོ་གྱིན་ཡོད། མིག་སྔར་ཀྲུང་གོའི་བོད་ཀྱི་གསོ་རིགདུས་དེབ་རྒྱལ་ནང་གི་ཞིང་ཆེན་དང་གྲོང་ཁྱེར་༣༠ལྷག་དང་། ཨ་རུ། དབྱིན་ཇི། ཉི་ཧོང་། ཧུན་རྡི་སོགས་ཕྱི་རྒྱལ་ཁབ་དང་ས་གནས་༡༠ལྷག་ལ་འགྲེམས་སྤེལ་བྱེད་བཞིན་ཡོད། འདིས་བོད་ཀྱི་གསོ་རིག་འཕེལ་རྒྱས་ལ་སྐུལ་འདེད་དང་། མི་རིགས་ཀྱི་ཕུལ་བྱུང་གི་རིག་གནས་བརྒྱུད་འཛིན། བོད་ཀྱི་གསོ་རིག་གི་རྒྱལ་སྤྱི་གོ་གནས་ཇེ་མཐོར་གཏོང་བ་དང་ནད་རིགས་གསོ་སྐྱོང་གི་ཕྱོགས་སོ་སོ་ལ་ནུས་པ་གང་ལེགས་འདོན་གྱིན་ཡོད།


རིགས་མཐུན་ནང་དོན།
  • ཀན་ལྷོ་ཁུལ་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་སྐབས་གསུམ་པའི་རྒྱུན་ལས་ཚོགས་པ་བརྗེ་སྤོར་དང་༢༠༡༣ལོའི་རིག་གཞུང་དཔྱད་བསྡུར་ཚོགས་འདུའི་རྩོ་སྡུད་བརྡ་ཐོ།
  • མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་ ༼ རྒྱལ་གཅེས་འཕྲོད་བསྟེན་ཉིན་མོར་ ༽ ཁྱབ་བསྒྲགས་གསོ་བཅོས་བྱ་འགུལ་སྤེལ་བ།
  • མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ལ་ཞིང་ཆེན་ཡོངས་ཀྱི་རྒྱལ་གཅེས་འཕྲོད་བསྟེན་སྔོན་ཐོན་སྡེ་ཁག་གི་གཟེངས་རྟགས་བསྩལ།
  • བོད་ཀྱི་གསོ་རིག་ཀུན་བཏུས་ཀྱི་གཙོ་སྒྲིག་པའི་གཏམ།
  • བོད་ཀྱི་གསོ་རིག་ཀུན་བཏུས་ཚན་ཞིབ་གྲུབ་འབྲས་གདེང་འཇོག་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

  •  

    ༄༅།། པར་དབང་ཀྲུང་གོའི་བོད་ཀྱི་གསོ་རིག་དྲ་བར་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག

     E-Mail:webmaster@arura.com.cn                                Tel:0971-8201019