༼ འཕྲིན་བཟང་། ༽ མིག་ནད་ལིང་ཏོག་གི་གཤག་བཅོས་བྱེད་སྒོ་སྤེལ་རྩིས་ཡོད།
དུས་ཚོད། 2013-08-21 10:34:22 ཀློག་གྲངས་ཐེངས།2080

     རྒྱ་ཆེའི་རོང་འབྲོག་ཁུལ་གྱི་ནད་པ་རྣམས་ལ་འཕྲིན་བཟང་ཞིག་ཞུ་རྒྱུ་ཡོད་པ་ནི།  སྤྱི་ཟླ་དགུ་བའི་ཚེས་དྲུག་ཉིན་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དང་ཨོ་སི་ཁྲུ་ལི་ཡའི་ཀྲུང་གོ་ཞི་བདེ་གཅིག་གྱུར་སྐུལ་འདེད་ཚོགས་པ་གཉིས་མཉམ་འབྲེལ་སྒོས།  རང་རེའི་ས་ཆའི་མིག་ནད་ཅན་རྣམས་ལ་ཆེད་དུ་དམིགས་པའི་རེ་བའི་འོད་སྣང་སྒྲོན་པའི་རིན་པ་མི་ལེན་པའི་མིག་ནད་ལིང་ཏོག་གི་གཤག་བཅོས་བྱེད་སྒོ་སྤེལ་རྩིས་ཡོད་ལ།  ཐེངས་འདིར་གདན་ཞུ་བྱས་ཡོད་པའི་སྨན་པ་ནི་ལིང་ཏོག་ནད་གཤག་བཅོས་ཐད་ཉམས་མྱོང་ཕུན་སུམ་ཚོགས་པ་འཛོམས་པའི་ཆེད་ལས་མཁས་པ་དག་རེད།  རྒྱ་ཆེའི་ནད་པ་རྣམས་ཀྱིས་བརྡ་སྦྱོར་འདི་ཐོས་པའི་ཉིན་དེ་ནས་བཟུང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་འབྲེལ་ཡོད་མི་སྣར་འབྲེལ་གཏུགས་བྱས་ཆོག་ལ། ནད་པར་དངོས་སུ་བརྟག་ནས་གཤག་བཅོས་རུང་མི་རུང་ཐག་གཅོད་བྱེད་པ་ནི་སྤྱི་ཟླ་9པའི་ཚེས་3དང་ཚེས་4ཚེས་5བཅས་རེད། མིག་སྔའི་ཐག་གཅོད་ལྟར་ན་སྤྱི་ཟླ་9པའི་ཚེས་6ཉིན་དངོས་སུ་གཤག་བཅོས་བྱེད་རྩིས་ཡོད་པས།རྒྱ་ཆེའི་ལིང་ཏོག་ནད་པ་རྣམས་ཀྱིས་ཕན་ཚུན་ལ་བརྡ་སྤྲོད་དང་གོ་སྐབས་དམ་འཛིན་བྱེད་རྒྱུ་མ་བརྗེད།

 

   འབྲེལ་གཏུགས་བྱེད་ས།  མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་བཅོས་སློབ་སྟོན་ཁྲུའུ།   སྒྲོལ་མ།

                           ཁ་པར་ཨང་གྲངས།     0971-8200879

 

                          ཞེས་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ནས།

 

                          སྤྱི་ལོ་༢༠༡༣ལོའི་སྤྱི་ཟླ་༨པའི་ཚེས་༢༢ཉིན།

 


རིགས་མཐུན་ནང་དོན།
  • ཀྲུང་གོའི་མཚོ་སྔོན་རྨ་ཡུལ་གེ་སར་རིག་གནས་དར་ལག་གླེང་སྟེགས་སྤེལ་བ།
  • བོད་ལྗོངས་ཀྱི་རྒྱལ་རྩེ་རྫོང་དུ་མདའ་དམག་དུས་ཆེན་བསྡུས་པ།
  • རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཐེངས་བཅུ་གསུམ་པ་སོག་ཡུལ་དུ་ཚོགས་པ།
  • བོད་རང་སྐྱོང་ལྗོངས་ཀྱི་བོད་སྨན་ཐོན་ཁུངས་སྔོག་བཤེར་ལས་གཞི་མགོ་ཚུགས་པ།
  • ལྷ་ས་གྲོང་ཁྱེར་ལ2012ལོའི་ཆེས་མཐོའིIFEAགཟེངས་རྟགས་ཐོབ།

  •  

    ༄༅།། པར་དབང་ཀྲུང་གོའི་བོད་ཀྱི་གསོ་རིག་དྲ་བར་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག

     E-Mail:webmaster@arura.com.cn                                Tel:0971-8201019