མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དུ་ལིང་ཏོག་མིག་ནད་སྨན་བཅོས་ཀྱི་བྱ་འགུལ་སྤེལ།
དུས་ཚོད། 2013-09-12 17:26:45 ཀློག་གྲངས་ཐེངས།2667

སྤྱི་ཟླ་དགུ་བའི་ཚེས་གསུམ་ནས་དགུའི་བར་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དང་ཨོ་སི་ཁྲུ་ལི་ཡའི་ཀྲུང་གོ་ཞི་བདེ་གཅིག་གྱུར་སྐུལ་འདེད་ཚོགས་པ་གཉིས་མཉམ་འབྲེལ་སྒོས།  རང་རེའི་ས་ཆའི་མིག་ནད་ཅན་རྣམས་ལ་ཆེད་དུ་དམིགས་པའི་རེ་བའི་འོད་སྣང་སྒྲོན་པའི་རིན་པ་མི་ལེན་པའི་མིག་ནད་ལིང་ཏོག་གི་སྨན་བཅོས་བྱ་འགུལ་སྤེལ། ཐེངས་འདིར་ཞིང་ཆེན་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་༥༠༠ལྷག་ལ་གཤག་བཅོས་སྔོན་གྱི་བརྟག་ཞིབ་བྱས་ཏེ། མཇུག་མཐར་ནད་པ་༢༣༠ལ་གཤག་བཅོས་བྱེད་ཐུབ་པ་བྱུང་།

རང་ཞིང་གི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཁྲོད་ཀྱི་མིག་ནད་ལང་ཏོག་ཅན་རྣམས་ལ་ཕན་ཐོགས་ཆེད་ཉིན་༣༠ལྷག་གི་རིང་ལ་བརྙན་འཕྲིན་དང་རྒྱང་སྒྲོགས་སོགས་ནས་ཁྱབ་བསྒྲགས་དང་། སྨན་པ་དང་ནད་སྐྱོང་བ་རྣམས་ཀྱིས་ཀྱང་ཉིན་འགའི་རིང་ལ་དཀའ་ངལ་མ་འཛེམ་པར་མིག་ནད་ལིང་ཏོག་ཅན་རྣམས་ལ་རིམ་པ་གཉིས་སུ་བརྟག་དཔྱད་ཞིབ་མོ་བྱས་ཏེ་གཤག་བཅོས་བྱེད་པར་ཁག་ཐེག་བྱས། གཤགས་བཅོས་རྗེས་ཀྱི་ཉིན་གཉིས་པར་ཆེད་མཁས་པ་དག་གི་ནད་པ་རེ་རེའི་མིག་གི་མཐོང་ཚད་ཀྱི་གནས་ཚུལ་ལ་ཞིབ་མོར་བརྟག་པ་དང་། ད་དུང་ཁོ་ཚོ་ལ་རིན་མེད་དུ་དམིགས་ཕྱི་འོད་འགོག་བྱེད་ཀྱི་མིག་ཤེལ་གནང་བ་ཡིན།  རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་ངེད་སྨན་ཁང་དང་ཆེད་མཁས་པ་དག་ལ་ལྷག་བསམ་ཟོལ་མེད་ཀྱིས་བསྟོད་བསྔགས་བྱེད་བཞིན་འདུག

སྐུལ་འདེད་ཚོགས་པས་ངེད་སྨན་ཁང་ལ་མིག་ནད་ཚན་ཁག་གི་ཕྱོགས་ཀྱི་སྒྲིག་ཆས་སྤྱིན་པ་དང་། མིག་ནད་ཚན་ཁག་གི་སྨན་བཅོས་མི་སྣ་རྣམས་ལ་ཕྱོགས་ཡོངས་ཀྱི་ལག་རྩལ་མཛུབ་སྟོན་བྱས་པས།  ངེད་སྨན་ཁང་གི་བོད་སྨན་མིག་ནད་ཕྱོགས་ཀྱི་བྱ་བར་རྨང་གཞི་གཏིང་པ་བཞག་ཡོད།


རིགས་མཐུན་ནང་དོན།
  • ཀྲུང་གོའི་བོད་ཀྱི་གསོ་རིག་དུས་དེབ་རྩོམ་སྒྲིག་ཨུ་ཡོན་ཚོགས་པ་དང་རྩོམ་སྒྲིག་བྱ་བའི་ཚོགས་འདུ་མཚོ་སྔོན་ཧོར་གྲོང་དུ་བསྡུས།
  • ཀན་ལྷོ་ཁུལ་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་སྐབས་གསུམ་པའི་རྒྱུན་ལས་ཚོགས་པ་བརྗེ་སྤོར་དང་༢༠༡༣ལོའི་རིག་གཞུང་དཔྱད་བསྡུར་ཚོགས་འདུའི་རྩོ་སྡུད་བརྡ་ཐོ།
  • མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་ ༼ རྒྱལ་གཅེས་འཕྲོད་བསྟེན་ཉིན་མོར་ ༽ ཁྱབ་བསྒྲགས་གསོ་བཅོས་བྱ་འགུལ་སྤེལ་བ།
  • མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ལ་ཞིང་ཆེན་ཡོངས་ཀྱི་རྒྱལ་གཅེས་འཕྲོད་བསྟེན་སྔོན་ཐོན་སྡེ་ཁག་གི་གཟེངས་རྟགས་བསྩལ།
  • བོད་ཀྱི་གསོ་རིག་ཀུན་བཏུས་ཀྱི་གཙོ་སྒྲིག་པའི་གཏམ།

  •  

    ༄༅།། པར་དབང་ཀྲུང་གོའི་བོད་ཀྱི་གསོ་རིག་དྲ་བར་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག

     E-Mail:webmaster@arura.com.cn                                Tel:0971-8201019