མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་རེག་དུག་སྲེག་སྨན་འདུལ་སྦྱོང་གི་ལག་ལེན་ལ་ཆེད་མཁས་བའི་བདེན་དཔང་ཐོབ་པ།
དུས་ཚོད། 2013-11-25 10:51:16 ཀློག་གྲངས་ཐེངས།2067

བོད་སྨན་རེག་དུག་སྲེག་སྨན་ནི་རེག་དུག་དང་མཚན་སྲིན་གཙོ་བྱས་པགས་ནད་རིགས་སེལ་བའི་་སྨན་མཆོག་ཞིག་ཡིན་ཞེས་ཀོང་སྤྲུལ་ཟིན་ཏིག་ཏུ་གསུངས་ཡོད།ཕན་ནུས་ཆེ་ཞིང་སྦྱོར་བ་བདེ་བའི་ལག་ལེན་འདི་ངག་རྒྱུད་བྱེད་་པ་དང་ཕྱི་ལ་གསང་བའི་རྐྱེན་གྱིས་ད་ལྟ་ལག་ལེན་གྱི་རྒྱུན་ཆད་ལ་ཉེ་བའི་ཉེན་ལ་ཐུག་འདུག

དེར་བསྟུན་རང་སྨན་སྦྱོར་ཚན་ཁག་གི་སྨན་སྦྱོར་གྱི་ནུས་བ་ཇེ་ལེགས་དང་འཐུས་ཇེ་ཚང་བྱེད་ཆེད།ཟླ་འདིའི་ཚེས༢༩ཉིན་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་པ་གྲགས་ཅན་ཉི་མའི་རང་གི་ལོ་མང་བོའི་འདུལ་སྦྱོང་ཉམས་མྱོང་གཙོ་བྱས་ཆེད་མཁས་བ༣༠ལྷག་གིས་རེག་དུག་སྲེག་སྨན་གྱི་སྦྱོར་སྡེ་དང་སྨན་རིགས་ངོས་འཛིན།བཟོ་རྩལ་གོ་རིམ།ཕན་ནུས།བསྟེན་ཚུལ།འཛེམ་བྱ་བཅས་ལ་དབྱེ་ཞིབ་དང་བགྲོ་གླེང་རྒྱས་པར་བྱས་བ་རེད།ཚོགས་འདུའི་མཇུག་མཐར་རེག་དུག་སྲེག་སྨན་གྱི་འདུལ་སྦྱོང་ལག་ལེན་སྨན་སྦྱོར་ཚན་ཁག་ལ་སྤྲོད་རྒྱུ་དང་།སྨན་སྦྱོར་ཚན་ཁག་གི་ཆེད་མཁས་བའི་ཐག་གཅོད་ལྟར་ཐོན་སྐྱེད་བྱེད་རྒྱུ་ཡིན་པ་མ་ཟད།མི་འགྱངས་བར་ནད་ཐོག་ལ་ལག་ལེན་ཏུ་བཀོད་རྒྱུ་བྱས་པ་རེད།

ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིསྨན་སྦྱོར་ཚན་ཁག་སྨན་གྱི་སྦྱོར་སྡེ་རིགས་ཇེ་མང་སུ་བཏང་བ་འཐུས་ཇེ་ཚང་སུ་བཏང་བ་རེད།རང་སྨན་སྦྱོར་ཚན་ཁག་རྗེས་ཕྱོགས་སྨན་གསར་བ་འཚོལ་ཞིབ་དང་ལག་ལེན་ཉམས་པ་སླར་གསོ་བྱེད་པ་ལ་རོགས་འདེགས་བཟང་བོ་ཐོན་ཡོད།


རིགས་མཐུན་ནང་དོན།
  • བོད་ཀྱི་གསོ་རིག་ཆེད་མཁས་འོ་ཚོགས་ཆེན་ལ2013ལོའི་ཧི་ལང་ཧི་ལེ་ཚན་རྩལ་བྱ་དགའ་ཐོབ།
  • མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དུ་ལིང་ཏོག་མིག་ནད་སྨན་བཅོས་ཀྱི་བྱ་འགུལ་སྤེལ།
  • ཀྲུང་གོའི་བོད་ཀྱི་གསོ་རིག་དུས་དེབ་རྩོམ་སྒྲིག་ཨུ་ཡོན་ཚོགས་པ་དང་རྩོམ་སྒྲིག་བྱ་བའི་ཚོགས་འདུ་མཚོ་སྔོན་ཧོར་གྲོང་དུ་བསྡུས།
  • ཀན་ལྷོ་ཁུལ་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་སྐབས་གསུམ་པའི་རྒྱུན་ལས་ཚོགས་པ་བརྗེ་སྤོར་དང་༢༠༡༣ལོའི་རིག་གཞུང་དཔྱད་བསྡུར་ཚོགས་འདུའི་རྩོ་སྡུད་བརྡ་ཐོ།
  • མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་ ༼ རྒྱལ་གཅེས་འཕྲོད་བསྟེན་ཉིན་མོར་ ༽ ཁྱབ་བསྒྲགས་གསོ་བཅོས་བྱ་འགུལ་སྤེལ་བ།

  •  

    ༄༅།། པར་དབང་ཀྲུང་གོའི་བོད་ཀྱི་གསོ་རིག་དྲ་བར་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག

     E-Mail:webmaster@arura.com.cn                                Tel:0971-8201019