རླུང་གི་ནད་གསོ་བཅོས་ཀྱི་ལག་ལེན།
དུས་ཚོད། 2014-01-13 10:58:49 ཀློག་གྲངས་ཐེངས།1724

རླུང་གི་ནད་ཅེས་པ་ནི་ལུས་ལ་རང་བཞིན་དུ་གནས་པའི་རླུང་མཚན་ཉིད་དྲུག་ལྡན་དེ་ཕྱི་ནང་གི་རྐྱེན་ཅི་རིགས་ཀྱི་དབང་གིས་ནད་ཀྱི་ངོ་བོར་རྣམ་པར་གྱུར་ཏེ་ལུས་ལ་གནོད་པར་བྱེད་པའི་ཕྱིར་དེ་ལ་རླུང་གི་ནད་ཅེས་བྱའོ།།

ནད་ཀྱི་འབྱུང་རྐྱེན།

  སློང་རྐྱེན་མྱ་ངན་སེམས་ལས་མི་སྙན་གཏམ། །མཚན་གཉིད་མེད་དང་འཇིགས་པའི་བ་སྤྱོད་སོགས། །ཡིད་ལ་འཁྲུགས་པ་སྟེར་བའི་ཕྱོགས་ཀུན་དང་། །ཁྱད་པར་འབྱུང་གདོན་སྤྱི་དང་རྒྱལ་པོ་ཡིས། །རྒྱབ་བསྟེན་བྱས་ནས་མངོན་ཚུལ་སྣ་ཚོགས་སྟོན།།

ནད་ཀྱི་རྟགས།

  འཕར་རྩའི་རྒྱུ་བ་སྟོང་ཞིང་ཁར་རྐྱལ་བ་དང་། ཆུ་སྔོ་ལ་དྭངས་པ། ལྕེ་སྐམ་ཞིང་དམར་ལ་རྩུབ་པ། གནས་གཅིག་ནས་སྡོད་མི་ཚུགས་པར་འགྲོ་འདོད་པ། ཤུས་འདེབས་དབུགས་རིང་གཏོང་བ། ཤེས་པ་ཡང་ཞིང་འཕྱོ་བ། མགོ་ཡུ་འཁོར་ཞིང་རྣ་བ་འུར་བ། གཟེར་ངེས་མེད་དུ་འཕོ་བ། ལུས་གྲང་ཞིང་བརྩེ་བ། ཡན་ལག་རེངས་ཤིང་འཁུམས་པ། རུས་རྐང་ཆག་སྙམ་བྱེད་པ། སྤུ་བརྩེ་ལ་ཕྲུམ་སེར་ཁྱེར་བ། མཚན་མོ་གཉིད་མི་ཡོང་བ། གཡལ་འདར་དང་བ་རྨྱང་་པང་ཡང་བྱེད་པ། ཚིག་པ་ཟ་བ། དཔྱི་རྐེད་དང་རུས་ཚིགས་ན་བ། ལྟག་པ་དང་མུར་འགྲམ་གཟེར་བ། རླུང་གསང་གི་གནས་རྣམས་མནན་ན་ན་བ། སྟོང་སྐྱུག་བྱེད་ཅིང་ཐོ་རེངས་ཝུ་སོབ་ལུ་བ། ཁོང་བ་སྦོ་འཁྲོག་བྱེད་པ་བཅས་ཡིན།

གསོ་ཐབས་དངོས།

   རུས་བཅུད་གསུམ་གྱི་ཁུ་བའམ་རུས་པ་སྣ་ཚོགས་གདུས་པའི་ཁུ་བར་སྤོད་སྒ་དང་ཤིང་ཀུན་ཁ་རུ་ཚ་སྒོག་སྐྱ་བཏབ་སྟེ་བཏང་བས་རླུང་ལ་མཆོག་ཏུ་ཕན་པ་དང་། གཞན་ཡང་ཛ་ཏི་བཅུ་བཞི་དང་། ཤིང་ཀུན་ཉེར་ལྔ། ཨ་གར་སོ་ལྔ་སོགས་གཏོང་དགོས་ལ། དཔྱད་དུ་སྤྱི་གཙུག་དང་། ཨན་སྟོང་ཚིགས་པ་དང་པོ། དྲུག་པ། བདུན་པ། དཀར་ནག་མཚམས་རྣམས་སུ་མེ་བཙའ་གདབ་དགོས།


རིགས་མཐུན་ནང་དོན།
  • བྱིས་པའི་མཆིན་ནད་བཅོས་ཐབས་འཁྱེར་བདེ་རུ་བཀོད་པ་བཞུགས་སོ། །
  • མཆིན་ནད་ལྡེམ་བུའི་འགོག་བཅོས་ཤེས་བྱ།
  • ༄༅།། གྲེ་བར་གྲ་མ་སོགས་ཟུག་པ།
  • ༄༅།། བཅུད་ལེན་དང་རྒས་པ་གསོ་བ།
  • ༄༅།། རོ་ཙ་གསོ་བའི་སྐོར།

  •  

    ༄༅།། པར་དབང་ཀྲུང་གོའི་བོད་ཀྱི་གསོ་རིག་དྲ་བར་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག

     E-Mail:webmaster@arura.com.cn                                Tel:0971-8201019