མཁྲིས་པའི་ནད་གསོ་བཅོས་ཀྱི་ལག་ལེན།
དུས་ཚོད། 2014-01-13 11:00:52 ཀློག་གྲངས་ཐེངས།1676

མཁྲིས་པའི་ནད་ཅེས་པ་ནི་ལུས་ཀྱི་མེ་དྲོད་ཀྱི་ཁམས་སྣུམ་བཅས་རྣོ་ཞིང་ཚ་བ་དང་། དྲི་མནམ་འཁྲུ་གཤེར་གྱི་མཚན་ཉིད་ཟུར་བདུན་ལྡན་དེ་རྣམ་པར་གྱུར་པ་ནད་ཀྱི་ངོ་བོར་གནས་པ་ནི་མཁྲིས་པའི་ནད་ཡིན་ནོ།།

ནད་ཀྱི་འབྱུང་རྐྱེན།

   དོན་སྣོད་ཀྱི་གནས་སུ་མཚོན་ཕོག་སྟེ་ལུས་ཟུངས་འགྲམས་པ་དང་། ཟས་སྐོམ་ཚ་སྐྱུར་དང་ཆང་སོགས་ཐལ་དྲགས་པ། རྒྱུད་ལ་ཞེ་སྡང་དྲག་པོ་སྐྱེས་པ། ནད་ཀྱི་དུག་ཕོག་པ། འཁྲུགས་ལས་ཆེས་དྲགས་པ་སོགས་ཀྱིས་མཁྲིས་ནད་སློང་བར་བྱེད་པ་ཡིན།

ནད་ཀྱི་རྟགས།

  རྩའི་རྒྱུ་བ་ཕྲ་ཞིང་ངོ་བོ་གྲིམས་པར་འཕར་བ། དྲི་ཆུའི་མདོག་སེར་ལ་ཪྙོག་པ། མིག་སྤྲིན་དང་ལག་མཐིལ། མུར་གོང་ལྕེ་འོག་རྣམས་སེར་ཤས་ཆེ་བ། མཁྲིས་པ་འཁྲུ་སྐྱུག་དང་ཟ་འཕྲུག་བྱེད། སྐོམ་དད་ཆེ་ཞིང་རྔུལ་ཆུ་འབྱུང་། ཁ་ལ་རོ་ཁ་བ་བྲོ། ནུབ་གཉིད་ཆུང་ཞིང་བཤང་བའི་མདོག་སེར། ཉི་འོད་དང་ཤ་ཆང་མར་ཪྙིང་སོགས་གནོད་པ་ནི་མཁྲིས་ནད་ཀྱི་རྟགས་ཡིན།

གསོ་ཐབས་དངོས།

  མཁྲིས་ལས་རྣམ་རྒྱལ། བོང་དཀར་བཅུ་གསུམ། གསེར་ཏིག་ཁ་ཚར་ཅན། ཏིག་ཏ་ལྔ་ཐང་སོགས་བསྟེན་དགོས་ལ། སྒོས་སུ་མཁྲིས་པ་སྣོད་བབས་ལ་བཤལ་གྱི་ལག་ལེན་མཆོག་ཏུ་བསྔགས་པ་ཡིན།


རིགས་མཐུན་ནང་དོན།
  • རླུང་གི་ནད་གསོ་བཅོས་ཀྱི་ལག་ལེན།
  • བྱིས་པའི་མཆིན་ནད་བཅོས་ཐབས་འཁྱེར་བདེ་རུ་བཀོད་པ་བཞུགས་སོ། །
  • མཆིན་ནད་ལྡེམ་བུའི་འགོག་བཅོས་ཤེས་བྱ།
  • ༄༅།། གྲེ་བར་གྲ་མ་སོགས་ཟུག་པ།
  • ༄༅།། བཅུད་ལེན་དང་རྒས་པ་གསོ་བ།

  •  

    ༄༅།། པར་དབང་ཀྲུང་གོའི་བོད་ཀྱི་གསོ་རིག་དྲ་བར་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག

     E-Mail:webmaster@arura.com.cn                                Tel:0971-8201019