ཁྲག་རླུང་སྟོད་འཚངས་ཀྱི་ནད་གསོ་བཅོས་ཀྱི་ལག་ལེན།
དུས་ཚོད། 2014-01-13 11:03:46 ཀློག་གྲངས་ཐེངས།1860

 ཁྱབ་རྒྱུ་རླུང་དང་ཁྲག་གཉིས་བསྡོངས་ཤིང་འཁྲུགས་ཏེ་སྟོད་དུ་འཚངས་པ་ལ་ཁྲག་རླུང་སྟོད་འཚངས་ཀྱི་ནད་ཟེར།

ནད་ཀྱི་འབྱུང་རྐྱེན།

ལུས་སེམས་འཁྲུགས་པའི་བྱ་བ་བྱས་པའམ། ཡང་ན་ཆང་མང་དུ་འཐུང་བ། དྲག་པོའི་ལས་བྱས་པ་སོགས་ཀྱིས་ཁྲག་ངན་གྱི་ཁ་བསླངས་ཏེ་རླུང་ཁྲག་མཉམ་དུ་འཁྲུགས་པར་བྱེད།

ནད་ཀྱི་རྟགས།

༼ ཀོང་སྤྲུལ་ཟིན་ཏིག ༽ལས། རྩ་ཆུ་སོགས་རླུང་གཞིར་བཞག་གི་ཐོག་དབུགས་འཚངས། རོ་སྟོད་མདུན་རྒྱབ་སྦྲགས་པའམ་རྒྱབ་ངོས་གཟེར་ཆེ། སྐབས་རེར་བདེ་ཞིང་སྐབས་རེར་ཐུ་བ་རེས་མོས་བྱེད་པ་ནད་རྟགས་ཡིན། ཞེས་གསུངས།ཞེ་ལྡོགཁ་ཟས་ཅི་ཟོས་ཀྱང་མི་ཞུ་བ་ཡིན། མི་ནོར་བའི་རྟགས། ༼ ཀོང་སྤྲུལ་ཟིན་ཏིག ༽ལས། དེང་སང་དུས་དབང་གིས་འདི་ན་མཁན་མང་ཞིང་གདོན་རྒྱབ་ཆེ་བས་ན་ལུགས་དང་ནད་རྟགས་སྣ་ཚོགས་འབྱུང་ཞིང་ངོས་ཟིན་པར་དཀའ་བས། གཟེར་མིག་སྟེང་རྩམ་པ་བྱུག་ན་ཅུང་ཞི་བ་སྙམ་བྱེད་ན་ངེས་པ་ཡིན་ཞེས་གསུངས་པ་དང་། གཞན་ཡང་ ༼ མན་ངག་ལྷན་ཐབས་ ༽ལས། བྱེ་བྲག་ཁྲག་ཤས་ཆེ་ན་གཟེར་ཆེ་ཞིང་།། རླུང་ཤས་ཆེ་ན་སྟོད་དུ་འཚངས་ཕུལ་ཆེ།། ཞེས་གསུངས་པ་ལྟར་བརྟག་པའང་གལ་ཆེ་བར་སེམས།

གསོ་ཐབས་དངོས།

ཀོ་བྱི་བཅུ་གསུམ། སྐྱུ་རུ་ཉེར་ལྔ། ཨར་བརྒྱད་ཁ་ཚར་ཅན། ཨ་གར་སོ་ལྔ། སྲོག་འཛིན་ནོར་བུ་སོགས་ཟབ་པར་མཐོང་ངོ་།།


རིགས་མཐུན་ནང་དོན།
  • བད་ཀན་གྱི་ནད་གསོ་བཅོས་ཀྱི་ལག་ལེན།
  • མཁྲིས་པའི་ནད་གསོ་བཅོས་ཀྱི་ལག་ལེན།
  • རླུང་གི་ནད་གསོ་བཅོས་ཀྱི་ལག་ལེན།
  • བྱིས་པའི་མཆིན་ནད་བཅོས་ཐབས་འཁྱེར་བདེ་རུ་བཀོད་པ་བཞུགས་སོ། །
  • མཆིན་ནད་ལྡེམ་བུའི་འགོག་བཅོས་ཤེས་བྱ།

  •  

    ༄༅།། པར་དབང་ཀྲུང་གོའི་བོད་ཀྱི་གསོ་རིག་དྲ་བར་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག

     E-Mail:webmaster@arura.com.cn                                Tel:0971-8201019