༄༅།། བོད་སིལ་བུའི་དུས་སྐབས་སུ་བོད་ཀྱི་གསོ་རིག་བསྟན་པ་སླར་གསོ་མཛད་པོ་ལོ་ཆེན་རིན་ཆེན་བཟང་པོ།
དུས་ཚོད། 2012-08-29 16:09:10 ཀློག་གྲངས་ཐེངས།3326
    ལོ་ཆེན་རིན་ཆེན་བཟང་པོ་ནི་བོད་ས་རྟ་(སྤྱི་ལོ་༩༥༨)ལོར་མངའ་རིས་གུ་གེར་སྐུ་འཁྲུངས་དགུང་ལོ་ཆུང་དུས་ནས་བྱིས་པ་གཞན་དང་མི་འདྲ་བར་སྐྱེས་སྟོབས་ཀྱི་རྩལ་དང་ལྡན་པ་ཞིག་ཡོད་པས་མངའ་རིས་གུ་གེ་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུ་སངས་རྒྱས་བསྟན་པ་གོང་དུ་སྤེལ་ཆེད་བོད་་ཕྲུག་རིག་པ་རྣོ་བ་ཉི་ཤུ་རྩ་གཅིག་རྒྱ་གར་འཕགས་པའི་ཡུལ་དུ་ལོ་བཅུ་ཙམ་བཞུགས་ཏེ་ཇོ་བོ་ན་རོ་ཏ་པ་སོགས་ལོ་པཎ་བདུན་ཅུ་རྩ་ལྔའི་ཞབས་ལ་གཏུགས་ནས་སྒྲ་རིག་པ་དང་གསོ་བ་རིག་པ་ཚད་མ་རིག་པ་མདོ་སྔགས་ལ་སོགས་བཀའ་བསྟན་གཞུང་ལུགས་མང་པོར་སྦྱང་པ་དཔྱིས་ཕྱིན་པ་མཛད་དེ་མཁས་པའི་རྩེ་མོར་སོན་བོད་དུ་ཕྱིར་ཕེབས་རྗེས་ལྟ་བླ་མ་ཡེ་ཤེས་འོད་ཀྱིས་དངོས་པོའི་མཐུན་རྐྱེན་གང་ལེགས་བསྐྲུན་ཏེ་གསང་སྔགས་གཞུང་ལུགས་སོགས་བཀའ་བསྟན་མང་པོ་བོད་དུ་བསྒྱུར་ཁྱད་པར་ཁ་ཆེ་པཎྜི་ཏ་ཛ་ན་དྷ་ལར་གསེར་སྲང་བརྒྱ་ཕུལ་ཏེ་སློབ་དཔོན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་དང་ཁ་ཆེ་པཎྜི་ཏ་ཟླ་བ་མངོན་དགའ་ཡིས་མཛད་པའི་དེའི་ཚིག་དོན་རྒྱས་པར་འགྲེལ་པ་ཟླ་ཟེར་ཞེས་པ་སོགས་གསོ་རིག་གི་གཞུང་ལུགས་མང་པོ་ལེགས་པར་བསྒྱུར་བསྒྱུར་ཡིག་དེ་དག་ནི་བོད་ཀྱི་མཁས་པ་ཀུན་གྱིས་ཚད་མར་འཛིན་ས་ཞིག་ཡིན་ལོ་ཆེན་དེས་གསོ་རིག་གི་གཞུང་ལུགས་འཛིན་སྐྱོང་སྤེལ་གསུམ་ཡོང་ཆེད་སློབ་མའི་ཚོགས་དྲིན་གྱིས་བསྐྱངས་མདོར་ན་ལོ་ཆེན་རིན་ཆེན་བཟང་པོ་དང་དེའི་སློབ་མ་གཙོ་བོ་རྣམས་ཀྱི་བཀའ་དྲིན་ལས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་སླར་གསོ་གོང་འཕེལ་གྱི་དུས་མཚམས་གསར་པ་ཞིག་ཏུ་སླེབས་ཏེ་གསོ་གསོ་རིག་གི་བསྟན་པ་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་ལོ་ཆེན་དེ་ཉིད་བོད་ལ་བཀའ་དྲིན་ལྷག་པར་ཆེ་མཐར་རབ་བྱུང་དང་པོ་མེ་ལུག་(སྤྱི་ལོ་༡༠༥༥)ལོར་དགུང་གྲངས་དགུ་བཅུ་གོ་བརྒྱད་དུ་ཕེབས་ཏེ་དགོངས་པ་ཆོས་དབྱིངས་སུ་གཤེགས།


རིགས་མཐུན་ནང་དོན།
  • ༄༅།། སྨན་ལྷ་གཉིས་པ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ།
  • ༄༅།།བོད་ཀྱི་གསོ་རིག་མཁན་པོ་བྱམས་པ་འཕྲིན་ལས་ཀྱི་རྨད་བྱུང་མཛད་རྗེས།

  •  

    ༄༅།། པར་དབང་ཀྲུང་གོའི་བོད་ཀྱི་གསོ་རིག་དྲ་བར་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག

     E-Mail:webmaster@arura.com.cn                                Tel:0971-8201019