༄༅།། བྱིས་པའི་སྨན་གྱི་སྡེ་ཚན།
དུས་ཚོད། 2012-08-29 16:07:33 ཀློག་གྲངས་ཐེངས།3743
 

བློན་པོ་གསུམ་སྦྱོར། བསིལ། བཟི་མེད།

ཕན་ནུས། ཕྲུ་གུར་ཚ་བ་བརྒྱབ་པ་དང་། གློ་བརྒྱབ་པ། སྐོམ་ཚད་བྱེད་པ། གློ་ཚད་དང་རིམས་ཚད་སོགས་ལ་ཕན།

གཏོང་ཐབས། ཉིན་རེར་ཐེངས་གཅིག་ནས་གཉིས་བར་ཐེངས་རེར་རིལ་བུ་གསུམ་ནས་བཞི།

 

བློན་ཁྱུང་། བསིལ། བཟི་ཅུང་ཡོད།

ཕན་ནུས། བྱིས་པའི་ཆམ་རིམས་དང་། གློ་ཚད། གཉན་ཚད་སོགས་ལ་ཕན།

གཏོང་ཐབས། ཉིན་རེར་ཐེངས་གཅིག་ནས་གཉིས་བར་ཐེངས་རེར་བློན་གསུམ་རིལ་བུ་གསུམ་དང་ཁྱུང་ལྔ་རིལ་བུ་གཉིས་མཉམ་དུ་གཏོང་རྒྱུ།

 

ཟིན་ཏིག་ཅུ་གང་བརྒྱད་པ། བསིལ། བཟི་མེད།

ཕན་ནུས། ཕྲུ་གུར་ཆམ་པ་ཕོག་ནས་གློ་བརྒྱབ་པ་དང་། ཚ་བ་བརྒྱབ་པ། འཁུན་སྒྲ་བརྒྱབ་པ་སོགས་ལ་ཕན།

གཏོང་ཐབས། ཉིན་རེར་ཐེངས་གཅིག་ནས་གཉིས་བར་ཐེངས་རེར་ཤོག་ཆག་ཕྱེད་ཀ་ནས་ཤོག་ཆག་

གཅིག་བར་གཏོང་རྒྱུ།

 

གློ་ཚད་ཀུན་སེལ། བསིལ་ཆེ། བཟི་ཅུང་ཡོད།

ཕན་ནུས། གཉན་ཚད་དང་གློ་ཚད་ལ་ཕན།

གཏོང་ཐབས། ཉིན་རེར་ཐེངས་གཅིག ཐེངས་རེར་རིལ་བུ་གསུམ་ནས་བཞི།

 

བཟང་པོ་བཞི་པ། དྲོད། བཟི་མེད།

ཕན་ནུས། ཕོ་བ་ན་བ་དང་། ཟས་མི་འཇུ་བ། ཁོག་པ་བཤལ་བ་སོགས་ལ་ཕན།

གཏོང་ཐབས། ཉིན་རེར་ཐེངས་གཅིག ཐེངས་རེར་ཤོག་ཆག་ཕྱེད་ཀ་ནས་ཤོག་ཆག་གཅིག་བར། 


རིགས་མཐུན་ནང་དོན།
  • ༄༅།། རྐང་འབམ་སྨན་གྱི་སྡེ་ཚན།
  • ༄༅།། རྨ་སྨན་དང་བརྡབས་ཆག་སྨན་གྱི་སྡེ་ཚན།
  • ༄༅།། བརྒྱལ་གཟེར་སྨན་གྱི་སྡེ་ཚན།
  • ༄༅།། མོ་ནད་སྨན་གྱི་སྡེ་ཚན།
  • ༄༅།། ལུས་སྟོབས་གསོ་བའི་སྨན་གྱི་སྡེ་ཚན།

  •  

    ༄༅།། པར་དབང་ཀྲུང་གོའི་བོད་ཀྱི་གསོ་རིག་དྲ་བར་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག

     E-Mail:webmaster@arura.com.cn                                Tel:0971-8201019