བཙོ་བཀྲུ་ཟླ་ཤེལ།
དུས་ཚོད། 2012-08-29 15:49:46 ཀློག་གྲངས་ཐེངས།2165

སྦྱོར་སྡེ། བཙོ་ཐལ། གུར་ཀུམ།  དོམ་མཁྲིས། གི་ལྦང་།  གླ་རྩི་སོགས་སྨན་སྣ་ཉེར་བདུན་གྱིས་གྲུབ།
ཕན་ནུས།  འདུས་ནད་སྨུག་པོ་ཡུན་རིང་ལོན་པའི་ནད༎ བྲང་ཚ་ཕོ་མཆིན་རོ་རྒྱབ་ཚིགས་པ་ན༎ སྨུག་པོ་རྒྱས་དང་གབ་ཅིང་འཁྲུགས་པ་དང་༎  ཁ་ཟོས་ཟོས་རྗེས་མ་ཞུ་ན་ཟུག་ཆེ༎འཇུ་སྟོབས་ཆུང་ལ་སྒྲེགས་སྐྱུགས་ཡང་ན་བཤལ༎ ཕོ་མཆིན་ཚ་ལ་མཁྲིས་པ་རྒྱ་བཤལ་དང་༎    ཁྲག་རུལ་དུད་ཁུ་སྐྱུགས་སམ་བཤལ་བ་དང་༎ གླང་ཐབས་སྲིན་ནད་ཆུ་སེར་ཁོང་སྐྲན་དང་༎ ཟས་དུག་ལ་སོགས་ཁོང་ནད་རྙིང་པའི་རིགས༎  གབ་ཚད་ཚད་རྙིང་འགྲམས་འཁྲུགས་འཐབ་པ་དང་༎  སྐྱ་རྦབ་འོར་དང་ལྡན་འདུས་ནད་ལ་བསྔགས༎
བསྟེན་ཚུལ། ཉིན་རེར་ཐེངས་གཅིག     ཐེངས་རེར་རིལ་བུ་རེ་ཆུ་བསྐོལ་ནང་སྦངས་ལ་ཐོ་རེངས་དུས་སུ་བསྟེན་པའམ་ཡང་ན་སྨན་པའི་མངགས་བཞིན་བསྟེན་པར་བྱ།
འཛེམ་བྱ། མ་ཚོས་རྗེན་དང་ཁེང་པོའི་ཟས་རྣམས་དང་།   རི་སྒོག་ཆང་སྐྱུར་ལ་སོགས་སྤང་བར་བྱ༎
ལྗིད་ཚད།  རིལ་བུ་རེ་ལ་ཁེ་༡དང་ཐུམ་རེར་རིལ་བུ་༥ཡོད།
ཉར་ཚགས།  སྣོད་ཀྱི་ཁ་བཅད་དེ་བསིལ་གྲིབ་ལྡན་པའི་སྐམ་སར་འཇོག་དགོས།


རིགས་མཐུན་ནང་དོན།
  • གཡུ་རྙིང་ཉེར་ལྔ།
  • དབང་རིལ་ཉེར་ལྔ།
  • བྱ་ཁྱུང་བཅུ་གསུམ།

  •  

    ༄༅།། པར་དབང་ཀྲུང་གོའི་བོད་ཀྱི་གསོ་རིག་དྲ་བར་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག

     E-Mail:webmaster@arura.com.cn                                Tel:0971-8201019