ཁྱིམ་དུ་སྨན་ཉར་ཚགས་བྱེད་སྐབས་དོན་ཚན་འགའ་ལ་ཡིད་འཇོག་བྱེད་དགོས།
དུས་ཚོད། 2012-08-31 14:32:10 ཀློག་གྲངས་ཐེངས།1677

གཅིག སྨན་སྣོད་ཀྱི་ཁ་དམ་པོར་རྒྱག་པ་དང་སྐམ་སར་འཇོག་པ། འོད་མི་ཕོག་པར་བྱེད་པ། བསིལ་སར་འཇོག་པ་བཅས་ནི་སྨན་ཉར་ཚགས་བྱེད་སྐབས་ཀྱི་ཡིད་འཇོག་བྱེད་སའི་གནད་འགག་བཞི་ཡིན། དེའི་རྒྱུ་མཚན་ནི་མཁའ་རླུང་རྒྱུ་སར་བཞག་སྟེ་འོད་ཕོག་ཏུ་བཅུག་ན། སྨན་གྱི་ངོ་བོ་འགྱུར་བ་དང་དབྱང་དབུགས་སུ་འགྱུར་བ། རླུང་གིས་ཟད་པར་གཏོང་བ། ཡལ་བར་འགྱུར་བ་སོགས་ཀྱི་སྣང་ཚུལ་འབྱུང་སྲིད། དེ་བས་སྨན་འཐུང་མ་ཐག་མྱུར་དུ་ཁ་དམ་པོར་རྒྱག་དགོས་ལ། སྨན་ཐར་ཐོར་རམ་ཡང་ན་ཤོག་ཐུམ་དུ་བཞག་ཡོད་པའི་སྨན་ཡིན་ན། རིགས་བཀར་ནས་ཤེལ་དམ་ནང་དུ་བཞག་སྟེ་ཁ་དམ་པོར་རྒྱག་དགོས།

 གཉིས། སྨན་སྣོད་ཀྱི་སྟེང་ལ་སྨན་བྱང་དང་ཕན་ནུས། བཀོལ་ཐབས། བཀོལ་ཚད་སོགས་གསལ་བོར་བྲིས་ན། བཀོལ་སྤྱོད་བྱེད་སྐབས་སྟབས་བདེ་བ་རེད།

གསུམ། རྒྱུན་དུ་སྨན་དེའི་གོ་ཆོད་དུས་ཡུན་ལ་བལྟས་ནས་སྨན་དེ་དུས་ཡུན་ལས་བརྒལ་ཡོད་མེད་ལ་མཉམ་འཇོག་བྱེད་དགོས། གལ་ཏེ་སྨན་གྱི་གོ་ཆོད་དུས་ཡུན་ལས་བརྒལ་ཏེ། སྨན་རྫས་ཀྱི་ཁ་དོག་འགྱུར་བ་དང་བརླན་ནས་སོབ་སོབ་ཏུ་གྱུར་བ། ཁྲ་ཐིག་མངོན་པ། སྤྱིན་ཐུམ་འབྱར་བ་དང་སེར་ཁ་གས་པ། སྨན་རིལ་འབུས་ཟོས་པ་དང་རུལ་བ། མངར་ཆའི་ལྡེ་གུ་དང་སྦྱོར་སྨན། ལུས་གསོ་སྨན་སོགས་གཡའ་བ་དང་བསྐྱུར་བ། སྨན་ཆུ་རྙོག་པ་དང་སྙིགས་མ་ཡོད་པ་སོགས་ཀྱི་གནས་ཚུལ་མཐོང་ན། མྱུར་དུ་ཕྱིར་འཕེན་པ་ལས་བཀོལ་སྤྱོད་གཏན་ནས་བྱེད་མི་རུང་། 

 བཞི། བྱིས་པ་དང་སྨྱོ་ནད་ཅན་གྱི་མིས་མི་ལོན་སར་འཇོག་དགོས། དེ་མིན་ཅི་ཡིན་འདི་ཡིན་མ་ཤེས་པར་འཐུང་ཚེ་དུག་ཕོག་པའི་ཉེན་ཁ་འབྱུང་སྲིད། འཐུང་སྨན་དང་བྱུགས་སྨན་ངེས་པར་དུ་སོ་སོར་བཀར་ནས་ཉར་ཚགས་བྱེད་དགོས། དེ་མིན་བཀོལ་ནོར་འབྱུང་སྲིད། ཁྱིམ་དུ་བཀོལ་བའི་དུག་སེལ་སྨན་དང་ཞིང་སྨན། དུག་སྦྲང་དང་བྱི་བ་གསོད་པའི་སྨན་སོགས་ཀྱང་མིའི་བཀོལ་བའི་སྨན་དང་མཉམ་དུ་མི་འཇོག་པར་ཉར་ཚགས་གང་ལེགས་བྱེད་དགོས།

ལྔ། གཤེར་ཁུ་རིགས་ཀྱི་སྨན་ཁ་ཤས་དྲོད་ཚད་དམའ་སར་ཉར་ཚགས་བྱེད་དགོས་ལ། རབ་ཡིན་ན་དྲོད་ཚད་ཏུའུ་གཉིས་ནས་བཅུ་ཡི་བར་ཡིན་པའི་འཁྱག་སྒམ་ནང་དུ་བཞག་ན་བཟང་བ་ཡིན།


རིགས་མཐུན་ནང་དོན།
  • མངལ་མ་སྦྲུམ་གོང་དང་མངལ་སྦྲུམ་པའི་སྐབས་སུ་སྦྲུམ་མས་མཉམ་འཇོག་བྱ་དགོས་པའི་སྤྱོད་ལམ་ཁ་ཤས་ཀྱི་སྐོར།
  • སྦྲུམ་མའི་འཚོ་བཅུད་སྡེབ་སྟངས།
  • དཔྱིད་ཀར་ཕོ་བ་དང་རྒྱུ་མར་བདེ་སྲུང་བྱེད་པར་བཟའ་བཏུང་ཐད་ནས་དོ་སྣང་བྱེད་དགོས་པ་འགའ།
  • དབྱར་དུས་སུ་ཟས་དུག་ཕོག་པར་མཉམ་འཇོག་བྱེད་དགོས།
  • སྟོན་མགོ་ཚུགས་རྗེས་ལུས་ཟུངས་གསོ་བར་དོ་སྣང་བྱེད་དགོས།

  •  

    ༄༅།། པར་དབང་ཀྲུང་གོའི་བོད་ཀྱི་གསོ་རིག་དྲ་བར་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག

     E-Mail:webmaster@arura.com.cn                                Tel:0971-8201019