སྨན་རྫས་ཀྱི་སྨན་ལོག་ཇི་ལྟར་སྔོན་འགོག་བྱེད་དགོས།
དུས་ཚོད། 2012-08-31 14:35:42 ཀློག་གྲངས་ཐེངས།1665
ཁྱིམ་ཚང་ནས་སྨན་བཀོལ་བ་ཞིག་ཡིན་ན། ཐོག་མར་བདེ་འཇགས་གཙོ་བོ་ཡིན་ལ་དེ་ནས་གོ་ཆོད་མིན་ལ་བལྟ་དགོས། སྨན་རྫས་མང་ཆེ་བར་དུག་གི་ཞོར་སྐྱོན་ཅུང་ཙམ་ཡོད་པ་ཤེས་དགོས། ལྷག་པར་དུ་དུས་ཡུན་རིང་བོར་སྨན་བསྟེན་པའམ་ཡང་ན་ཅུང་མང་པོ་ཞིག་བཀོལ་བའི་དུས་སུ་དུག་གི་ཞོར་སྐྱོན་ཀྱང་འབྱུང་སླ། དེས་ན་ཁྱིམ་ཚང་ནས་སྨན་བཀོལ་སྐབས་ཇི་ལྟར་སྨན་ལོག་འབྱུང་བར་སྔོན་འགོག་བྱེད་དགོས་ཤེ་ན།

དང་པོ། དགོས་ངེས་ཀྱི་སྨན་རྫས་མ་གཏོགས་མི་མཁོ་བའི་སྨན་རྫས་མི་བཀོལ་བ།

གཉིས། སྨན་མ་བཀོལ་བའི་སྔོན་ལ་བཀོལ་རྒྱུའི་སྨན་དེའི་དུག་གི་ཞོར་སྐྱོན་དང་ཕན་ཚུན་གྱི་ནུས་པ་གང་ཐུབ་ཅི་ཐུབ་སྒོས་རྒྱུས་ལོན་བྱེད་དགོས།

གསུམ། བཀོལ་རྒྱུའི་སྨན་དེའི་ཕྱིར་འབུད་སའི་ལམ་གཙོ་བོ་གསལ་བོར་ཤེས་དགོས། དཔེར་ན་རྒྱ་སྨན་ཐིག་པོ་ཅོན་སུའུ་རིགས་དང་ཆིན་ཏ་མེས་སུའུ། ཨན་ཞིན་སྙིང་བདེ་སྨན་སོགས་མཁལ་མ་བརྒྱུད་ནས་ཕྱིར་འབུད་པ་ཡིན་ལ། ཨན་ཏེན་དང་ཞིན་ཏི་ཨན་སོགས་ནི་གཙོ་བོ་མཆིན་པས་སྙིང་ཚབ་དུག་སེལ་བྱེད་པ་ལྟ་བུ་ཡིན་པས། མཁལ་མ་དང་མཆིན་པའི་ནུས་པ་མི་བཟང་ན་གཟབ་གཟབ་བྱེད་དགོས་པ་རེད། 

 བཞི། དུག་གི་ཞོར་སྐྱོན་ལྡན་པའི་སྨན་རྫས་རིགས་མཚུངས་བཀོལ་བར་འཛེམ་དགོས།

ལྔ། སྨན་རྫས་བཀོལ་བའི་གྲངས་ཚད་དང་རིགས་སྣ་ཇེ་ཉུང་དུ་གཏོང་ཅི་ཐུབ་བྱེད་དགོས།

དྲུག སྔོན་ཆད་སྨན་ལོག་བྱུང་མྱོང་བའི་སྨན་རྫས་ཡང་བསྐྱར་བཀོལ་མི་རུང་། བདུན། ཆ་རྐྱེན་འཛོམས་ན་སྨན་པའི་ངག་ལྟར་སྨན་འཐུང་དགོས། བརྒྱད། དུག་ཅན་དང་སྦྲིད་པ། དུས་ལས་བརྒལ་བ། ཚ་དྲག་ཅན་བཅས་ཀྱི་སྨན་ཐམས་ཅད་གཏན་ནས་བཀོལ་མི་རུང་།


རིགས་མཐུན་ནང་དོན།
  • ཁྱིམ་དུ་སྨན་ཉར་ཚགས་བྱེད་སྐབས་དོན་ཚན་འགའ་ལ་ཡིད་འཇོག་བྱེད་དགོས།
  • མངལ་མ་སྦྲུམ་གོང་དང་མངལ་སྦྲུམ་པའི་སྐབས་སུ་སྦྲུམ་མས་མཉམ་འཇོག་བྱ་དགོས་པའི་སྤྱོད་ལམ་ཁ་ཤས་ཀྱི་སྐོར།
  • སྦྲུམ་མའི་འཚོ་བཅུད་སྡེབ་སྟངས།
  • དཔྱིད་ཀར་ཕོ་བ་དང་རྒྱུ་མར་བདེ་སྲུང་བྱེད་པར་བཟའ་བཏུང་ཐད་ནས་དོ་སྣང་བྱེད་དགོས་པ་འགའ།
  • དབྱར་དུས་སུ་ཟས་དུག་ཕོག་པར་མཉམ་འཇོག་བྱེད་དགོས།

  •  

    ༄༅།། པར་དབང་ཀྲུང་གོའི་བོད་ཀྱི་གསོ་རིག་དྲ་བར་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག

     E-Mail:webmaster@arura.com.cn                                Tel:0971-8201019