སྨན་དཔྱད་ཟླ་བའི་རྒྱལ་པོ་དང་བི་ཇི་པོ་ཏི་ཁ་སེར།
དུས་ཚོད། 2012-10-29 14:52:16 ཀློག་གྲངས་ཐེངས།2003
   ༼སྨན་དཔྱད་ཟླ་བའི་རྒྱལ་པོ་དང་བི་ཇི་པོ་ཏི་ཁ་སེར།༽ནི་མ་ཧྭ་ཡ་ན་དང་བེེ་རོ་ཙ་ན།ཙན་པ་ཤི་ལ་ཧ་བཅས་ཀྱིས་མཛད་པ་དང་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན།སྨན་དཔྱད་ཟླ་བའི་རྒྱལ་བོ་ཞེས་པར་འགྲོ་དྲུག་གཙོར་གྱུར་གྱི་མི་ལུས་ཉིད་ཆགས་ཚུལ་དང་།ལྡང་ཚད།རྣམ་འགྱུར་ནད་ཀྱི་ངོ་བོ།གནས་ལུགས་ནད་གཞི་འཁྲུལ་མེད་རྩ་ཆུའི་སྒོ་ནས་ངོས་འཛིན་ཚུལ།གཉེན་པོ་ཟས་སྨན་གྱི་ངོ་བོ་དང་ནུས་པ།ནད་ཀྱི་དགྲ་དཔུང་གཉེན་པོ་བཞིས་གཞོམ་པའི་གསོ་ཚུལ་སོགས་ཁ་གསལ་རྒྱས་པར་བསྟན་ཡོད་ལ།བི་ཇི་པོ་ཏི་ཁ་སེར་དུ་མགོ་དང་བྱང་ཁོག་ཡན་ལག་གི་རྨ་དང་འདུ་བ་འཁྲུགས་པའི་ནད་ཀྱི་བརྟག་བཅོས་དང་།གཉེན་པོ་ཞི་བྱེད་སྨན།སྦྱོང་བྱེད་ལས།ཆ་བྱད་དཔྱད་སོགས་མན་ངག་ལག་ལེན་མྱོང་བྱང་དག་ཞིབ་རྒྱས་སུ་བཀོད་པས་གཞུང་འདི་གཉིས་ནི་གསོ་དཔྱད་ཀུན་གྱི་ཁུངས་གཏུགས་སའི་བརྩམས་ཆོས་ཤིག་ཡིན།


རིགས་མཐུན་ནང་དོན།
  • ༄༅།། རྒྱུན་སྲོལ་བོད་ཀྱི་སྨན་པའི་ཀུན་སྤྱོད། ༤
  • ༄༅།། རྒྱུན་སྲོལ་བོད་ཀྱི་སྨན་པའི་ཀུན་སྤྱོད། ༢
  • ༄༅།། རྒྱུན་སྲོལ་བོད་ཀྱི་སྨན་པའི་ཀུན་སྤྱོད། ༢
  • ༄༅།། རྒྱུན་སྲོལ་བོད་ཀྱི་སྨན་པའི་ཀུན་སྤྱོད། ༡
  • ༄༅།། ཆུ་ལུམས་ཀྱི་སྐོར་རགས་བཤད།

  •  

    ༄༅།། པར་དབང་ཀྲུང་གོའི་བོད་ཀྱི་གསོ་རིག་དྲ་བར་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག

     E-Mail:webmaster@arura.com.cn                                Tel:0971-8201019