བསྟན་འགྱུར་སྨན་ཡིག་གཅེས་བསྡུས།
དུས་ཚོད། 2012-10-29 14:51:39 ཀློག་གྲངས་ཐེངས།22923
༼བསྟན་འགྱུར་སྨན་ཡིག་གཅེས་བསྡུས།༽ ཉི་མ་སྲུང་བ་སོགས་ཀྱིས་མཛད་པ་དང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན།འདིར་བསྟན་འགྱུར་ལས་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་དང་།དེའི་རང་འགྲེལ།འགྲེལ་བ་ཟླ་ཟུར་སོགས་མི་རིགས་དཔེ་སྐྲུན་ཁང་གིས་སྔར་ནས་པར་དུ་བསྐྲུན་ཟིན་པས་སླར་ཡང་ལེགས་སྒྲིག་བྱས་པ་དང་།ཉི་མ་སྲུང་བས་མཛད་པའི་སྨན་དཔྱད་གཅེས་པ་གྲུབ་པ་ཞེས་པའི་ལེའུ་སོ་གཅིག་གི་བདག་ཉིད་ཅན་དང་།སྔོན་བྱོན་ལོ་པན་དག་གིས་བསྒྱུར་བར་མཛད་པའི་དངུལ་ཆུ་གྲུབ་པའི་བསྟན་བཅོས་དང་།མིག་འབྱེད་མཐོང་བ་དོན་ལྡན།འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པའི་མན་ངག་ཟབ་མོ།མི་དཔྱད་ཀྱི་བསྟན་བཅོས་བསྡུས་པ།མིའི་མཚན་ཉིད་བརྟག་པ་རྒྱ་མཚོ་སོགས་བསྟན་འགྱུར་ལས་གསོ་རིག་སྐོར་དུ་འདུས་མེད་པར་ཁ་ཐོར་ཏུ་གནས་པ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ནས་ལེགས་སྒྲིག་བྱས་ཡོད།


རིགས་མཐུན་ནང་དོན།
  • སྨན་དཔྱད་ཟླ་བའི་རྒྱལ་པོ་དང་བི་ཇི་པོ་ཏི་ཁ་སེར།
  • ༄༅།། རྒྱུན་སྲོལ་བོད་ཀྱི་སྨན་པའི་ཀུན་སྤྱོད། ༤
  • ༄༅།། རྒྱུན་སྲོལ་བོད་ཀྱི་སྨན་པའི་ཀུན་སྤྱོད། ༢
  • ༄༅།། རྒྱུན་སྲོལ་བོད་ཀྱི་སྨན་པའི་ཀུན་སྤྱོད། ༢
  • ༄༅།། རྒྱུན་སྲོལ་བོད་ཀྱི་སྨན་པའི་ཀུན་སྤྱོད། ༡

  •  

    ༄༅།། པར་དབང་ཀྲུང་གོའི་བོད་ཀྱི་གསོ་རིག་དྲ་བར་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག

     E-Mail:webmaster@arura.com.cn                                Tel:0971-8201019